དབུ་ཤོག>སྲིད་དོན།
  • བོད་ཀྱི་འབྲོག་པར་འཚོ་བ་གསར་པའི་རྣམ་གྲངས་སྒྲུབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-13

    རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་པའི“ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད—བོད་རིགས་འབྲོག་པར་འཚོ་བ་གསར་པའི་འོད་སྣང་སྦྱིན་པ”ཞེས་པའི་བོད་ལྗོངས་རྣམ་གྲངས་ཚེས་11ཉིན་ལྷ་སར་སྒྲུབ་འགོ་ཚུགས་པ་རེད།

    “ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད—བོད་རིགས་འབྲོག་པར་འཚོ་བ་གསར་པའི་འོད་སྣང་སྦྱིན”ཞེས་པའི་བོད་ལྗོངས་རྣམ་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱིར་སྡོད་རང་མིའི་ལེགས་ཆ་འདོན་སྤེལ་དང་། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་བོད་ཀྱི་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་དང་གཞོགས་འདེགས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད། ལག་ལེན་བསྟར་རྒྱུའི“ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད”ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། བོད་ལྗོངས་མངའ་རིས་ས་ཁུལ་གྱི་མང་ཚོགས་དབུལ་པོ་དུད་ཚང་5000ལ་ཉི་འོད་ནུས་པའི་སྲུང་སྐར་བརྙན་འཕྲིན་ཞལ་འདེབས་རྒྱག་རྒྱུ་དེ་རེད། རྣམ་གྲངས་དེ་ལག་ལེན་བསྟར་རྗེས་རྒྱ་ཆེའི་ཕྱིར་སྡོད་རང་མི་དང་། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་ཐེབས་རྩ་ཚོགས་པ་བཅས་ཀྱི་བརྡ་ལན་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟེ་ཁྱོན་བསྡོམས་ཞལ་འདེབས་སྒོར་ཁྲི་1740གྲབས་གསོག་བྱས་པ་རེད།

    རྣམ་གྲངས་སྒྲུབ་འགོ་ཚུགས་པའི་མཛད་སྒོར་ཕེབས་མཁན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས“ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད—བོད་རིགས་འབྲོག་པར་འཚོ་བ་གསར་པའི་འོད་སྣང་སྦྱིན”ཞེས་པའི་བོད་ཀྱི་རྣམ་གྲངས་ལག་ལེན་བསྟར་བས་མངའ་རིས་ཀྱི་མང་ཚོགས་དབུལ་པོའི་རིག་གནས་འཚོ་བ་ལེགས་སུ་གཏོང་རྒྱུར་ཕན་པ་དང་། ཏང་དང་སྲིད་གཞུང་གི་སྐད་སྒྲ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་རྒྱུར་ཕན་པ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་བཅས་ཡོད། ང་ཚོས་རྒྱ་ཆེའི་ཕྱིར་སྡོད་རང་མི་དང་། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་སྔོན་ཆད་ལྟར་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་རེ་བ་ཟོལ་མེད་བཅངས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།