གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་ལེ་ཏ་ཁེའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིའི་ལས་གནས་གནས་དབྱུང་བཏང་བ་དང་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལེ་ཏ་ཁེའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་པ་དང་། འདེམས་བསྐོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་ལེ་ཏ་ཁེའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ལས་གནས་དེ་མཚུངས་ཀྱིས་ཕྱིར་འཐེན་བྱས་པ་རེད།
མིག་སྔའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་དངོས་ཡོད་འཐུས་མི་442ཡོད་པ་རེད།
དེ་དོན་ཆེད་མངགས་སྤྱི་བསྒྲགས་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།
2015ལོའི་ཟླ་7ཚེས་30ཉིན།