དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་འཇམ་དབྱངས་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་དེ་སྔའི་ཏང་ཨུད་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་བློ་མཐུན་འཇམ་དབྱངས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར། 2015ལོའི་ཟླ་7ཚེས་28ཉིན་མཚོ་སྔོན་ཟི་ལིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་88ལ་ཕེབས་ཡོད།

    བློ་མཐུན་འཇམ་དབྱངས་ནི་1928ལོའི་ཟླ་2པར་མཚོ་སྔོན་ཁྲི་ཁ་རྫོང་དུ་འཁྲུངས་པ་དང་། 1949ལོའི་ཟླ་12པར་ལས་ཀར་ཞུགས་1953ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཁྲི་ཁ་རྫོང་ལྷ་ཁང་ཐང་ཆུས་ཀྱི་འཕྲིན་གཏོང་བ་དང་། ཡིག་སྒྱུར། གསེར་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ལས་དོན་པ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཁོའོ་ཡོན་དང་། ཁོའོ་ཀྲང་གཞོན་པ། ཁོའོ་ཀྲང་། གདང་ལའི་ལས་དོན་ཨུ་ཡོན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས། 1959ལོའི་ཟླ་6པར་བོད་དུ་ཕེབས་རྗེས་ཨ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། སྐྲ་གདོང་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན། ནག་ཆུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ས་ཁུལ་ཞིང་འབྲོག་ཅུས་ཏང་ལྟེ་བའི་ཚོགས་ཆུང་གི་ཙུའུ་ཀྲང་དང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་། ནག་ཆུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་སོགས་ཀྱི་འགན་བཞེས་མྱོང་ཡོད། 1983ལོའི་ཟླ་བརྒྱད་པར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་གི་འགན་བཞེས། 1985ལོའི་ཟླ་དང་པོར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལས་འཁྱུར་ངལ་གསོ་བསྐྱོན་པ་རེད།

    ཁོང་སྐུ་གཤེགས་པས་ང་ཚོའི་ཏང་ཡོན་ཡག་པོ་ཞིག་དང་བློ་མཐུན་ཡག་པོ་ཞིག་མེད་པར་གྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།