སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་33པའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་2015ལོའི་ཟླ་8པའི་ཚེས་10དང་11ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་གྲོས་རིམ་གཙོ་བོ་གཤམ་གསལ་གྱི་དོན་མཚན་གསུམ་བྱེད་དགོས་པའི་གྲོས་འགོ་བཏོན་པ་སྟེ། གཅིག རྒྱལ་ཡོངས་ས་གནས་སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱ་རྒྱུ་དང་། གཉིས། རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བར་ཐབས་དང་ཇུས་འདོན་རྒྱུ། གསུམ། དོན་དག་གཞན་ཡིན་པ་རེད།