དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས“རྒྱལ་ཡོངས་རླུང་འཕྲིན་གསར་འགོད་པ་བོད་དུ་བསྐྱོད”ཅེས་པའི་གསར་འགོད་པ་ཚོགས་པའི་བཅར་འདྲི་དང་ལེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་ལོ་ཡིན། ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར“རྒྱལ་ཡོངས་རླུང་འཕྲིན་གསར་འགོད་པ་བོད་དུ་བསྐྱོད”ཅེས་པའི་གསར་འགོད་པ་ཚོགས་པའི་བཅར་འདྲི་དང་ལེན་གནང་སྟེ་བོད་ཀྱི་ལོ་ངོ་50ཡི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ད་ཕན་ལོ་ཤས་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲིས་བར་ལན་ཡང་བསྐྱོན་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་བཅས་ཀྱི་རླུང་འཕྲིན་སྨྱན་སྦྱོར་32ཞུགས་ཡོད་པ་རེད།

    དང་ཐོག་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས“རྒྱལ་ཡོངས་རླུང་འཕྲིན་གསར་འགོད་པ་བོད་དུ་བསྐྱོད”ཅེས་པའི་གསར་འགོད་པ་བོད་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་བཅར་འདྲི་དང་འཕྲིན་སྤེལ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་འབྲེལ་རྒྱ་ཆེའི་གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་ཚོས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་ལོ་ངོ་50ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པའི་ལོ་50ཞིག་ཡིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེ་ཐོག་ནས་བོད་དུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་པ་དེ་ནི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཚད་མེད་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ཞིག མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་བོད་ཀྱི་དོན་དངོས་ཟུང་དུ་འབྲེལ་བའི་ཐོན་དངོས་ཤིག

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།