2014ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་30.7ཟིན་པ་དེ་ལོ་གོང་མ་ལས་ཁྲི་3.5འཕར་བ་དང་འཕར་ཚད་12.5%ཟིན་ཡོད།
བོད་རང་སྐྱོང་ལྗོངས་སུ་ད་ཆ་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་ཏང་རྩ་འཛུགས་ཁྲི་1.5ཡོད་པ་དེ་ལོ་གོང་ལས་600ལྷག་ཙམ་འཕར་བ་དང་འཕར་ཚད་4.1%ཟིན་ཞིང་། དེའི་ནང་གཞི་རིམ་ཏང་ཨུད་1000དང་། ཏང་སྤྱི་ཁྱབ་ཀྲི་པུའུ་500ལྷག་ཙམ། ཏང་ཀྲི་པུའུ་ཁྲི་1.4བཅས་ཡོད།
གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།
ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། སློབ་རྒྱུས་བཅས། བུད་མེད་ཏང་ཡོན་ཁྲི་8.5ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་27.6%བཟུང་ཞིང་། དེས་བཟུང་བའི་བསྡུར་ཚད་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་རུ་ཕྱིན་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་25.0ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་81.5%བཟུང་ཡོད། མཐོ་རིམ་སློབ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་ཏང་ཡོན་ཁྲི་13.3ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་43.4%བཟུང་བ་དང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.3གྱིས་མཐོ་རུ་ཕྱིན་ཡོད།
ཏང་ཡོན་གྱི་ལོ་གྲངས། ལོ་35མན་གྱི་ཏང་ཡོན་ཁྲི་14.0ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་45.7%བཟུང་བ་དང་། ལོ་36ནས་ལོ་45བར་གྱི་ཏང་ཡོན་ཁྲི་7.3ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་23.8%བཟུང་བ། ལོ་46ནས་ལོ་60བར་གྱི་ཏང་ཡོན་ཁྲི་6.5ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་21.2%བཟུང་བ། ལོ་61ཡན་གྱི་ཏང་ཡོན་ཁྲི་2.9ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་9.3%བཟུང་ཡོད།
ཏང་ནང་ཞུགས་པའི་དུས་ཚོད། རྒྱལ་ཁབ་དབུ་མ་བརྙེས་གོང་ཏང་ནང་ཞུགས་མཁན་12ཡོད་པ་དང་། རྒྱལ་ཁབ་དབུ་བརྙེས་རྗེས་ནས“རིག་གནས་གསར་བརྗེ་ཆེན་པོའི”གོང་ཏང་ནང་ཞུགས་མཁན་ཁྲི་0.3ཡོད་པ། “རིག་གནས་གསར་བརྗེ་ཆེན་པོའི”རིང་ཏང་ནང་ཞུགས་མཁན་ཁྲི་1.7ཡོད་པ། “མི་བཞི་ཤོག་ཁག”གཏོར་བ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོགས་གོང་ཏང་ནང་ཞུགས་མཁན་ཁྲི་1.0ཡོད་པ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནས་ཏང་གི་ཚོགས་ཆེན་བཅུ་དྲུག་པ་མ་འཚོག་གོང་ཏང་ནང་ཞུགས་མཁན་ཁྲི་8.6ཡོད་པ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་གོང་ཏང་ནང་ཞུགས་མཁན་ཁྲི་14.3ཡོད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཞུགས་མཁན་ཁྲི་4.8བཅས་ཡོད།
ཏང་ཡོན་གྱི་ལས་རིགས། བཟོ་པ་ཁྲི་1.3དང་། ཞིང་འབྲོག་པ་ཁྲི་15.2 ཁེ་ལས་དང་། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་3.4 ཁེ་ལས་དང་། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཀྱི་དོ་དམ་མི་སྣ་ཁྲི་1.3 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་6.1 སློབ་མ་ཁྲི་0.3 ལས་རིགས་གཞན་གྱི་མི་སྣ་ཁྲི་0.5 ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི་2.4བཅས་ཡོད།
གཉིས། ཏང་ཡོན་འཕེལ་རྒྱས་ཀྱི་གནས་ཚུལ།
བསྡོམས་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བར་བརྟེན་ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་བྱུང་ཞིང་། 2014ལོར་ལྗོངས་ཡོངས་ཀྱིས་ཁྱོན་ཏང་ཡོན་ཁྲི་2.0འཕེལ་རྒྱས་བཏང་ཡོད།
འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། ལོ་གྲངས། སློབ་རྒྱུས་བཅས་ཀྱི་གནས་ཚུལ། བུད་མེད་ཏང་ཡོན་ཁྲི་0.7འཕེལ་རྒྱས་བཏང་བ་དེས་འཕེལ་རྒྱས་བཏང་བའི་ཏང་ཡོན་བསྡོམས་འབོར་གྱི་34.0%བཟུང་བ་དང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.4འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.7འཕེལ་རྒྱས་བཏང་བ་དེས་འཕེལ་རྒྱས་བཏང་བའི་ཏང་ཡོན་བསྡོམས་འབོར་གྱི་87.2%བཟུང་ཡོད། ལོ་35མན་གྱི་ཏང་ཡོན་ཁྲི་1.6འཕེལ་རྒྱས་བཏང་བ་དེས་འཕེལ་རྒྱས་བཏང་བའི་ཏང་ཡོན་བསྡོམས་འབོར་གྱི་84.0%བཟུང་ཡོད། མཐོ་རིམ་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.7འཕེལ་རྒྱས་བཏང་བ་དེས་འཕེལ་རྒྱས་བཏང་བའི་ཏང་ཡོན་བསྡོམས་འབོར་གྱི་36.6%བཟུང་ཡོད།
ལས་རིགས་ཁག་ནང་ཏང་ཡོན་འཕེལ་རྒྱས་བཏང་ཚུལ། བཟོ་པ་400ལྷག་ཙམ་དང་། ཞིང་འབྲོག་པ་ཁྲི་1.3 ཁེ་ལས་དང་། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.2 ཁེ་ལས་དང་། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་ཀྱི་དོ་དམ་མི་སྣ་400ལྷག་ཙམ། ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་0.2 སློབ་མ་ཁྲི་0.2 ལས་རིགས་གཞན་གྱི་མི་སྣ་500ལྷག་ཙམ་བཅས་ཡོད།
ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོ་དང་སྤྱི་ཚོགས་རིམ་གྲས་གསར་པའི་ནང་ཏང་ཡོན་འཕེལ་རྒྱས་བཏང་ཞིང་། 2014ལོར་ལྗོངས་ཡོངས་ཀྱིས་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཏང་ཡོན་ཁྲི་1.8འཕེལ་རྒྱས་བཏང་བ་དེས་ཏང་ཡོན་འཕེལ་རྒྱས་བཏང་བའི་བསྡོམས་འབོར་གྱི་91.2%བཟུང་ཡོད།
གསུམ། ཏང་ནང་གཟེངས་བསྟོད་བྱས་ཚུལ།
2014ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁྲི་0.1དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲི་0.6ཕུལ་བྱུང་ཏང་དོན་ལས་དོན་པ་ཁྲི་0.2བཅས་ལ་གཟེངས་བསྟོད་བྱས་ཡོད།
བཞི། ཏང་ནང་ཞུགས་པའི་རེ་ཞུའི་གནས་ཚུལ།
2014ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབུལ་མཁན་ཁྲི་7.3ཡོད་པ་དེའི་ནང་ཧུར་བརྩོན་ཅན་ཁྲི་4.6ཡོད།
ལྔ། ཏང་རྩ་འཛུགས་ཀྱི་གནས་ཚུལ།
ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་། ལྗོངས་ཡོངས་སུ་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་ཁྱོན་78ཡོད་པ་དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་3 རྫོང(ཆུས)ཏང་ཨུད་74བཅས་ཡོད།
གྲོང་ཁྱེར་ཁྲོམ་གཞུང་དང་། ཤང་གྲོང་། སྡེ་ཁུལ(གྲོང་ལྷན)སྒྲིག་གཞི་ཚང་བའི་ཚུད་གྲོང་ཚོ་བཅས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁྲོམ་གཞུང་12དང་། ཤང་གྲོང་684 གྲོང་ཁྱེར་སྡེ་ཁུལ་53 གྲོང་ཚོ(གྲོང་ལྷན)5413བཅས་སུ་ཏང་རྩ་འཛུགས་བཙུགས་ཡོད་པ་དང་ཁྱབ་ཚད་100%ཟིན་ཡོད།
ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་ལས་ཁུངས་ཚན་པ་ཁྲི་0.4དང་བྱ་གཞག་ཚན་པ་ཁྲི་0.2ནང་ཏང་རྩ་འཛུགས་བཙུགས་ཡོད་པ་དང་ཁྱབ་ཚད་100%ཟིན་ཡོད།
ཁེ་ལས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་དཔལ་འབྱོར་ཁེ་ལས་450ནང་420ལ་ཏང་རྩ་འཛུགས་བཙུགས་པ་དེས་སྤྱི་དབང་ལམ་ལུགས་དཔལ་འབྱོར་གྱི་ཁེ་ལས་བསྡོམས་འབོར་གྱི་94.3%བཟུང་ཡོད།
སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་590ལྷག་ཙམ་ཁྲོད་340ལ་ཏང་རྩ་འཛུགས་བཙུགས་པ་དེས་སྤྱི་ཚོགས་རྩ་འཛུགས་བསྡོམས་འབོར་གྱི་58.5%བཟུང་ཡོད།