དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-16

    ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང“ནན་གསུམ་དྲང་གསུམ”གྱི་དོན་སྙིང་གལ་ཆེན་དང་བསམ་བློའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་མི་ཚུལ་ལྡན་ཞིག་བྱེད་པའི་ཤུགས་རྒྱག་ས་གསལ་པོ་བཟོ་བ་དང་། དཔོན་པོའི་དབང་ཆ་སྤྱོད་པའི་མཚམས་ཐིག་གཏན་འཁེལ་བྱེད་པ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ནན་གསུམ་དྲང་གསུམ”གྱི་བླང་བྱ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུའི་དགོངས་དོན་རང་རྟོགས་ངང་ལས་དོན་ཁག་ཁྲོད་ལག་བསྟར་ཐུབ་པ་དང་།  ལས་གནས་ཁག་ཐོག་མཚོན་ཐུབ་པ། རང་ངོས་ཀྱི་བསམ་བློ་དང་བྱ་སྤྱོད་ཁྲོད་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ“ནན”དང“དྲང”གི་ཐོག་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། ཧོ་ཝུན་ཧའོ་སོགས་སྲིད་གཞུང་ཏང་ཙུའི་ཁོངས་མི་ཚོགས་འདུར་ཕེབས་ཡོད།

    བློ་བཟང་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བསྟན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱ་ནི་ཚིག་ཉུང་དོན་གསལ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁ་ཕྱོགས་གསལ་བ་བཅས་ཡོད་པས་མར་ཁེ་སིའི་རིང་ལུགས་སྲིད་ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་རྩ་དོན་དང་ནང་གནས་ཀྱི་བླང་བྱར་ཁྱབ་པ་དང་། ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པའི་ནན་དྲང་གི་གསོན་ཉམས་དོད་པའི་སྲིད་འཛིན་གྱི་ཉམས་འགྱུར་གང་ལེགས་མངོན་ཡོད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྣུར་སྲིང་དང་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་མ་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན། ཏང་ནང་ངོས་ཀྱི་ཆབ་སྲིད་འཚོ་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས། ཆབ་སྲིད་ཀྱི་སྒྲིག་སྲོལ་བཅས་ནན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་མ་གཏོང་བའི་འགན་ལེན་གལ་ཆེན་བཅས་རེད། སྲིད་གཞུང་ཏང་ཙུའུ་དང་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པ་ཚོས་གཅིག་ནས་ལག་ལེན་དང་རིགས་པའི་གཞུང་ལུགས་ཕྱོགས་གཉིས་ཀྱི་ཐད་ནས“ནན་གསུམ་དྲང་གསུམ”གྱི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བསམ་བློའི་བླང་བྱ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ་དང་། གཉིས་ནས་རྒྱུན་འཛིན་དང་འཕེལ་རྒྱས་མཐོང་རྒྱ་གཉིས་ཐོག་ནས“ནན་གསུམ་དྲང་གསུམ”ལས་མངོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ཆབ་སྲིད་ཀྱི་བླང་བྱར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ། གསུམ་ནས་ལོ་རྒྱུས་དང་དོན་དངོས་ཕྱོགས་གཉིས་ཀྱི་ཐོག་ནས“ནན་གསུམ་དྲང་གསུམ”ནང་གི་རང་གཅུན་སྲིད་ཞུགས་དང་བྱ་བ་མཉམ་སྒྲུབ་ཀྱི་སྤྱོད་ཚུལ་གྱི་བླང་བྱར་ངོས་འཛིན་གཏིང་ཟབ་ཐུབ་པ་བཅས་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་དེ་གཙོ་གནད་དང་བསམ་པའི་དོན་གཉེར་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་གནད་དོན་གྱི་ཁྲིད་ཕྱོགས་ཐོག་མཐའ་བར་གསུམ་དུ་མངོན་པ་བྱས་པ་དང་། མིག་སྔར་སྒྲུབ་བཞིན་པའི་ལས་དོན་དང་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་གྱིས་བསམ་པ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་གཙང་སྒྲུབ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པའི་ཐོག་ནས་ཕྱོགས་ཡོངས་ནས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་མ་གཏོང་བའི་དྲང་ནུས་གཅིག་ཏུ་བསྡུ་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཤུགས་ཆེན་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་བསྟར་བྱས་ཏེ་ལས་སྒྲུབ་ལས་གཏོད་ལ་ལག་ལེན་གྱི་ལྟ་བ་དང་། མང་ཚོགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་དང་། རང་ལྗོངས་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་རང་འགུལ་ངང་བྱ་གཞག་སྒྲུབ་པ། མིག་སྔར་གཞིགས་པ་དང་ཕུགས་ཀྱི་འཆར་འགོད་བཅས་བྱས་ཏེ“དོན་ཆེན་གཉིས”ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་ནན་པོ་དང་ཡག་པོ་བྱེད་པ་དང་། “ནན”དང“དྲང”གི་ཐོག་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

    གཅིག་ནི། ལས་སྒྲུབ་ལས་གཏོད་བྱེད་པར་དངོས་བསམ་དངོས་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། འདུ་ཤེས་གསར་གཏོད་དང་། དམ་པ་དོན་གཉེར། དུས་བསྟུན་མདུན་སྐྱོད་བཅས་ཀྱི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བསམ་བློའི་ངོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་ཆེན་པོ་དང་། བསམ་བློར་གསར་གཏོད་ཆེན་པོ། བློ་ཐག་ཆོད་པོས་ལས་དོན་སྒྲུབ་པ་བཅས་ལ་བརྟེན་ནས་གསར་གཏོད་རང་བཞིན་ཡོད་པའི་སྒོ་ནས་ལས་དོན་སྤེལ་དགོས། བསམ་ཕྱོགས་ཟབ་ཏུ་གཏོང་བར་རྒྱུན་སྲིང་ལྷོད་མེད་ངང“དམ་འཛིན་བྱེད་གཞི་དྲུག”དང“བྱེད་ཐབས་དྲུག”“མ་མཐའི་མཚམས་ཐིག་གསུམ”བཅས་ཀྱི་སྲིད་གཞུང་གི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་དང་གཏིང་ཟབ་ཏུ་བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་སྒྲིལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ཡག་པོ་འགོད་པ། དམིགས་ཚད་མ་ལག་དང་། རྣམ་གྲངས་གལ་ཆེན། མ་དངུལ་གལ་ཆེན། སྲིད་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་མངོན་གསལ་དུ་དམ་འཛིན་བཅས་བྱས་ནས་དེ་དག་ནི་ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་ཡུལ་བབ། འཕེལ་རྒྱས་ཀྱི་ཆོས་ཉིད། ཚན་རིག་དང་མཐུན་པའི་སྙིང་སྟོབས་བཅས་དང་དེ་བས་འཚམ་པ་བྱེད་དགོས། བྱེད་ཐབས་དོན་འཁྱོལ་བྱེད་པར་ལྕགས་ལ་ཤུར་དང་རྡོ་ལ་ལག་རྗེས་ཐོན་པ་བྱེད་པའི་སྙིང་སྟོབས་ཐོག་ནས“འཆར་གཞི་བཟོས་ཚེ་དེ་མཐའ་འཁྱོངས་མཐར་ཕྱིན”བྱས་ནས་ནུས་ཤུགས་ཡོད་རྒུ་འདོན་སྤེལ་དང་བྱས་རྗེས་ནམ་ཡང་འཇོག་ཐུབ་པའི་སྒོ་ནས་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པ་བྱེད་དགོས་པ་དང་།

    གཉིས་ནི། ལས་སྒྲུབ་ལས་གཏོད་བྱེད་པར་སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་ལེགས་ལ་མྱུར་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེས་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཀྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་སྲིང་ལྷོད་མེད་ཐུབ་པ་བྱེད་དགོས། དུས་བབ་གསལ་རྟོགས་དང་རིག་པ་དྭངས་གསལ་གྱི་སྒོ་ནས་ཧོལ་རྒྱུག་དང་བག་གཡེང་གཏན་ནས་བྱེད་མི་རུང་། བསམ་བློ་གཅིག་གྱུར་གྱིས་བརྟན་ལྷིང་སྲུང་སྐྱོང་དེ་འགན་འཁྲི་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ནས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་དེ་མུ་མཐུད་མཐའ་འཁྱོངས་བྱེད་དགོས། བྱེད་ཐབས་སྤེལ་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པ་དང་ལག་ལེན་ནང་སྤྱོད་གོ་ཆོད་པ་ར་སྤྲོད་ཐུབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་མུ་མཐུད་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། ལས་ཀའི་དོན་དངོས་ཁྲོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རང་ལྗོངས་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པ།

    གསུམ་ནི། ལས་སྒྲུབ་ལས་གཏོད་བྱེད་པར་ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། དམ་པ་དོན་གཉེར། ལས་དོན་གཙང་སྒྲུབ་བཅས་ཐུབ་པ་བྱེད་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་ཚོས་རང་ངོས་ནས་འགོ་འཛུགས་པ་དང་། རང་དཔེ་གཞན་སྟོན། གོང་གིས་འོག་གི་སྣེ་འཁྲིད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དེ་དུས་དང་རྣམ་པ་ཀུན་ཏུ་ཀུན་སྤྱོད་དང་། འགན་འཁྲི་འཁུར་ཕོད་པ་དེ་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི། དངོས་དོན་གཉེར་བ་དང་ལས་དོན་སྒྲུབ་ཕོད་པ་དེ་དུས་དང་རྣམ་པ་ཀུན་ཏུ་དོན་གཉེར། ལས་དོན་ཏན་ཏིག་སྒྲུབ་ཐུབ་པ་དེ་དུས་དང་རྣམ་པ་ཀུན་ཏུ་མ་མཐའི་མཚམས་ཐིག་བཅས་ལ་བརྩིས་ནས“ནན་མེད་དྲང་མེད”ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་དེ་བས་རང་རྟོགས་ཀྱི་རྣམ་འགྱུར་དང་། དེ་བས་ནན་པའི་བླང་བྱ། དེ་བས་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་། བྱ་གཞག་གི་ལྟ་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཅས་བཙུགས་ནས“ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། དམ་པ་དོན་གཉེར། ལས་དོན་གཙང་སྒྲུབ”བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏེང་ཞའོ་ཀང་གིས་སློབ་སྦྱོང་ལག་བསྟར་ལ་དམ་འཛིན་ནན་པོ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་སྒེར་སྤྱོད་གཙང་ལྷད་མེད། འགན་འཁྲི་འཁུར་ཕོད་པ་བཅས་ལ་དམིགས་ཏེ“ནན་མེད་དྲང་མེད”ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང“ནན་གསུམ་དྲང་གསུམ”གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། འགག་རྩའི་ལས་དོན་དམ་འཛིན་ནན་པོ་བྱེད་དགོས། སྤུས་ཚད་མཐོ་པོའི་སྒོ་ནས་ཆེད་དོན་ཏང་གི་སློབ་ཚན་ཡག་པོ་འཁྲིད་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་ཆེད་དོན་སློབ་སྦྱོང་དང་ཞིབ་བསྡུར་སྒྲིག་འཛུགས་ཡག་པོ་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་ཚོགས་འདུ་འཚོགས་པ། སྤུས་ཚད་མཐོ་པོའི་སྒོ་ནས་དག་ཐེར་དོན་འཁྱོལ་དང་སྒྲིལ་ལམ་བཟོ་བ་དང་སྒྲིག་ལམ་སྲུང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སྐུལ་མ་གཏོང་རྒྱུར་དམ་འཛིན་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། མིག་སྔའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་ཚན་པ་དེ་ག་དང་སྡེ་ཚན་དེ་གའི་ལས་འགན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ལས་འཕེལ་བའི་ལས་ཀའི་རང་སྟོབས་ཀྱི་ནུས་པ་དང་། མི་བཟང་པོ་ཞིག་བྱེད་པ་དང་སྲིད་དོན་ཡག་པོ་སྒྲུབ་པའི་རང་གཅུན་གྱི་འདུ་ཤེས། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་བཅས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་བ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།