བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་གཏན་འབེབས།
གཅིག ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་ཚོགས་ཆེན་བཙུགས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་རྒྱུ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིའི་འདེམས་བསྐོ་གཙོ་སྐྱོང་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་འཚོག་རྒྱུ།
གཉིས། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་ཚོགས་ཆུང་གི་གཤམ་དུ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིའི་འདེམས་བསྐོ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཡོད་མེད་ཞིབ་བཤེར་བྱ་རྒྱུ་དང་འབྲེལ་གྲ་སྒྲིག་ཚོགས་ཆུང་ལ་ཞུས་ཏེ་འཐུས་མིའི་མིང་ཐོ་ཡོངས་བསྒྲགས་ཀྱང་བྱ་རྒྱུ།