དབུ་ཤོག>སྲིད་དོན།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-25

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོག་རྒྱུའི་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་གཏན་འབེབས་བྱས་པ་གཤམ་གསལ།

    གཅིག ཉིང་ཁྲི་རྫོང་གི་རྫོང་ཆུས་སུ་བསྒྱུར་བར་བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོག་དགོས།

    གཉིས། ཉིང་ཁྲི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་ནི་བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བསྒྱུར་རྒྱུ།

    གསུམ། བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་དེ་ཉིང་ཁྲི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཚོག་རྒྱུ།

    བཞི། བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆུས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་། ཆུས་ཀྲང་། ཆུས་ཀྲང་གཞོན་པ། ཆུས་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཡོན་ཀྲང་བཅས་ཁྲིམས་ལྟར་འདེམས་ཐོན་བྱ་རྒྱུ།

    ལྔ། བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྔར་བཞིན་15ཡིན།

    དྲུག བྲག་ཡིབ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་དེ་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཆུས་གཞན་དག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་མཉམ་དུ་སྐབས་བརྗེས་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།