དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། འགན་ནུས་སྒྱུར་བ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-21

    ཟླ་5ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། འགན་ནུས་སྒྱུར་བ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ་ལོ་གཉིས་ལྷག་ཙམ་རིང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། འགན་ནུས་སྒྱུར་བ་བཅས་ལས་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་། སྒྱུར་བཅོས་ཐད་འཕྲད་པའི་གནད་དོན་དང་ལས་འགན་གཙོ་བོར་ཞིབ་འཇུག་བྱས་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་སོགས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་སྲིད་གཞུང་གི་འགན་ནུས་སྒྱུར་བའི་སྤྱིའི་བསམ་ཕྱོགས་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་སུ་གཏོང་རྒྱུ་བཅས་རེད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།

    ཞིབ་བཤེར་ཆོག་མཆན་འགོད་པའི་དོན་ཚན་ཁག་གཅིག་སླར་ཡང་མེད་པ་བཟོས་ནས་ལས་ཞུགས་དང་ལས་གཏོད་ཀྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་པ། ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་ཁྲོད་ཀྱི་རྙོག་དྲ་ཆེ་བའི་ལྷུ་ཚིགས་ཁག་གཅིག་སླར་ཡང་མེད་པ་བཟོས་ནས་ཐུན་མོང་ཐོག་ལོངས་སུ་སྤྱོད་པའི་ཆ་འཕྲིན་སྟེགས་བུ་གཏོད་དགོས་པ། ཁེ་ལས་ཀྱི་ལས་དོན་སྒྲུབ་པའི་འགག་སྒོ་ཁག་གཅིག་སླར་ཡང་མེད་པ་བཟོས་ནས“ལག་ཁྱེར་གསུམ་གཅིག་གིས་འཐུས་པ”མངོན་འགྱུར་ཡོང་བ་བྱེད་དགོས་པ། ཞིབ་བཤེར་ཆོག་མཆན་འགོད་པའི་མཚམས་སྦྱོར་དོན་ཚན་ཁག་གཅིག་སླར་ཡང་མེད་པ་བཟོ་དགོས་པ། ཚད་དང་མ་མཐུན་པ་དང་། གཏན་འབེབས་དང་མ་མཐུན་པ། ལུགས་དང་མ་མཐུན་པ་བཅས་ཀྱི་འགྲོ་གྲོན་བསྡུ་སྟངས་ཁག་གཅིག་སླར་ཡང་མེད་པ་བཟོས་ནས་མང་ཚོགས་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་ཁྲོམ་རའི་གཞུང་དྲང་སྒྲིག་ལམ་སྲུང་སྐྱོང་དང་འགན་ལེན་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལས་ཁུངས་ཁ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་དོ་དམ་གསར་གཏོད་དང་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་ར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གོ་རིམ་ལྡན་པ་དང་། སྲིད་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྲིད་གཞུང་གི་འགན་ནུས་སྒྱུར་བ་བཅས་བྱེད་པར“དབང་ཆ་གཤམ་སྤྲོད”བྱེད་དགོས་པ་མ་ཟད་“དོ་དམ”ཡང་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ཞབས་ཞུ་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམས་པ་བྱེད་པ། ཁྲིམས་ལྟར་སྒྱུར་བཅོས་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་སྟེ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་རྩ་བ་ཚུགས་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།