དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • 2012ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཁྲི་2.5གསར་འཕར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་འཕེལ་རྒྱས་ནི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ཤིག་ཡིན་ཞིང་། དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་འཕོ་འགྱུར་བྱུང་བ་དང་སྦྲགས་བོད་ཀྱི་སྤྱི་ཚོགས་ཀྱང་སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་ཁྱོན་ཡོངས་ནས་འཕོ་འགྱུར་བྱུང་སྟེ་སྤྱི་དམངས་ཀྱི་ངལ་རྩོལ་དང་ལས་ཀའི་ཁེ་དབང་འགན་ལེན་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་2012ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཁྲི་2.5གསར་འཕར་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2.6%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་སྤྱི་ཚོགས་ལས་ཞུགས་ཡག་པོ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་དམངས་གཙོ་བཅོས་སྒྱུར་བྱས་ཚུན་བོད་ཀྱི་ལས་རིགས་ཚང་མ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་ལས་ཞུགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ་དང་ཆབས་ཅིག་ངལ་རྩོལ་པའི་ཤེས་བྱའི་རྩལ་ནུས་ཐད་ཀྱི་རེ་བའང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སྲིད་གཞུང་སྡེ་ཚན་གྱིས་རིན་མེད་ངང་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ངལ་ལས་སྤུས་རྟགས་གཏོད་པ། གནས་སྒྱུར་ལས་ཞུགས་རྩ་འཛུགས་ཅན་དུ་འགྱུར་ཚད་ཆེ་རུ་གཏོང་བ། གྲོང་ཁྱེར་དུ་ལས་ཀ་འཚོལ་བའི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཞིང་འབྲོག་པ་ཐག་ཉེ་ས་དང་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་བཏོད་དེ “སྲིད་ཇུས་དང་། ལས་གནས། རྩལ་ནུས། ཞབས་ཞུ་བཅས་གཤམ་སྤེལ ”གྱི་ལས་ཞུགས་རོགས་སྐྱོར་བྱེད་སྟངས་སྤྱད་ནས “ལས་ཞུགས་མེད་པའི ”ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་སོགས་ལས་ཞུགས་ཐད་དཀའ་ངལ་ཆེ་བའི་ཚོགས་སྤྱིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཡོད། ཉེ་བའི་ལོ་ཤས་རིང་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཞུགས་ཐད་དཀའ་ངལ་ཆེ་བའི་མི་གྲངས་ཁྱོན་19867བཀོད་སྒྲིག་བྱས་ཏེ་བབ་བསྟུན་སྒོ་ནས་ལས་ཞུཌ་མེད་པའི་ཁྱིམ་ཚང་ཚང་མ་ལས་ཞུགས་ཐུབ་པ་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་མི་སྤྱོད་ཚན་པ་ཕྱོགས་གཉིས་ཀྱི་སྤེལ་རེས་གདམ་གའི་ལས་སྟེགས་ཧུར་ཐག་བཏོད་ཅིང་། 2012ལོར་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་ཐུབ་ཚད་མི་ཁྲི་45ལས་བརྒལ་ཡོད། 2012ལོར་མཐོ་སློབ་སློབ་ཐོན་སློབ་མ་14153ལས་ཞུགས་ཐུབ་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.36%ཟིན་ཡོད། མ་མཐའི་གླ་ཕོགས་ཚད་གཞི་བཟོས་པ་དང་། ངལ་རྩོལ་གན་རྒྱ་དང་མཉམ་སྡེབ་གན་རྒྱའི་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་བཏང་བ། ངལ་རྩོལ་ལྟ་ཞིབ་དང་བར་འདུམ་ཁྲུན་གཅོད་ལས་དོན་ཁྱབ་གདལ་བཏང་བ། ངལ་རྩོལ་གྱི་གླ་ཕོགས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།