དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་མིའི་ཆ་སྙོམས་ཚེ་ཚད་ལོ་68.17བར་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་དམངས་ཀྱི་བདེ་ཐང་ཁེ་དབང་སྔར་བས་འགན་ལེན་བྱུང་བ་དང་བདེ་ཐང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། བོད་མིའི་ཆ་སྙོམས་ཚེ་ཚད་དེ་1951ལོའི་ལོ་35.5ནས་ད་ཆའི་ལོ་68.17བར་མཐོ་རུ་ཕྱིན་ལུགས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་2012ལོར་བོད་ཀྱིས་སྲིད་འཛིན་གྲོང་ཚོ་1000ལ་ཞིང་འབྲོག་པའི་ལུས་རྩལ་ལུས་སྦྱོང་འདུ་འགོད་ལག་བསྟར་བྱས་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྲུ་གུ་སྐྱེ་བའི་སྲིད་ཇུས་ལྷུག་པོ་ལག་བསྟར་བྱེད་ཀྱི་ཡོད་པ་དང་སྤྱིའི་མི་འབོར་གྱི་80%ཡན་བཟུང་བའི་ཞིང་འབྲོག་པར་ཕྲུ་གུ་སྐྱེ་བའི་གྲངས་ཚད་བཟོས་མེད་པ་རེད། སྲིད་གཞུང་གིས་གཉེན་སྒྲིག་ཕྱི་པོ་དང་ཕྲུ་གུ་ཕྱི་པོ་སྐྱེ་བ་དང་། ལེགས་བཙའ་ལེགས་གསོ། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་གཉེན་སྒྲིག་འཚོ་བ་སྐྱེལ་དགོས་པ་བཅས་དར་སྤེལ་གཏོང་གི་ཡོད། བོད་ཪྙིང་པར་དཔལ་འབྱོར་རྗེས་ལུས་དང་། ཕྲུ་གུ་དམར་སྦྱར་གསོན་ཚད་དམའ་བ། སྨན་བཅོས་ཆ་རྐྱེན་ཞན་པ། གྲྭ་བཙུན་མང་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་མི་འབོར་འཕར་རྒྱུ་དེ་དུས་ཡུན་རིང་པོ་རང་གནས་སུ་ལུས་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་མི་འབོར་1951ལོའི་ཁྲི་114.09ནས་2010ལོའི་ཁྲི་300.2བར་འཕར་ཡོད་པའི་ནང་བོད་རིགས་མི་འབོར་ཁྲི་271.6ཡོད་པ་དེས་མི་འབོར་གྱི་90%ཡན་བཟུང་ཡོད་པ་དང་། གྲངས་ཉུང་མི་རིགས་གཞན་གྱི་མི་འབོར་ཁྲི་4ལྷག་ཙམ་ཡོད་པ་དེས་མི་འབོར་གྱི་1.3%བཟུང་ཡོད་པ། རྒྱ་རིགས་མི་འབོར་ཁྲི་24.5ཡོད་པ་དེས་མི་འབོར་གྱི་8%བཟུང་ཡོད་ཅེས་བརྗོད་ཡོད་པ་རེད།

        བསྡོམས་རྩིས་ལ་གཞིགས་ན། 2012ལོར་བོད་ཀྱི་མི་འབོར་ཁྲི་308ཟིན་པ་དང་བོད་མིའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་ད་ཆའི་ལོ་68.17བར་མཐོ་རུ་ཕྱིན་པ་དང་། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་སྦྱར་ཤི་ཚད་ཚང་མ་ཤུགས་ཆེན་ཆག་པ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།