དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱིས་མིག་སྔར་བོད་སྨན་སྣ་ཁ་360ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་བོད་ཀྱི་ཐོ་འགོད་བྱས་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་20ཡོད་པ་དེ་དག་གིས་བོད་སྨན་སྣ་ཁ་360ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པ་དང་བོད་སྨན་ཐོན་རྫས་འགའ་ཞིག་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་རྒྱལ་ཁབ་ཁག་གཅིག་ལ་བྲིན་ཚོང་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ལས་ཀའི་འཐབ་ཇུས་ཀྱི་གཙོ་གནད་ཅིག་ལ་བརྩིས་ནས 《བོད་ལུགས་གསོ་རིག་དང་སྨན་རྫས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》དང 《བོད་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་སྔར་བས་རོགས་སྐྱོར་དང་སྐུལ་གཏོང་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར 》སོགས་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཏོན་པས་བོད་ལུགས་གསོ་རིག་དང་སྨན་རྫས་རིག་པར་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། བོད་ཀྱི་རིམ་ཁག་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ནས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཆེད་ཚན་དང་ཆེད་བཅོས་སྨན་རྫས་སོགས་ཐད་ཞིབ་འཇུག་དང་ལག་བསྟར་བྱེད་པ་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་བསྟན་བཅོས་དང་ཚད་ལྡན་ཡིག་ཆ་སྔོག་འདོན་དང་ལེགས་སྒྲིག་ཤུགས་ཆེན་བྱས་ནས 《རྒྱུད་བཞིའི་འཆད་འགྲེལ་ཆེ་མོ 》སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་པར་སྐྲུན་བྱས་པ་རེད། མིག་སྔར་བོད་དུ་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་19ཡོད་པ་དང་། རྫོང་སྨན་ཁང་50ལྷག་ཙམ་ལ་བོད་ལུགས་གསོ་རིག་ཚན་ཁག་བཙུགས་པས་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་བ་ལྗོངས་དེ་ཡོངས་ལ་སྤྱིར་ན་ཁྱབ་ཡོད་པ་རེད། མིག་སྔར་བོད་ཀྱི་ཐོ་འགོད་བྱས་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་20ཚང་མ་GMP(བཟོ་སྐྲུན་ཚད་གཞི་སྤུས་ལེགས )ཡི་ཁས་ལེན་དཔང་འདོན་ཐུབ་ནས་བོད་སྨན་སྣ་ཁ་360ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པ་དང་བོད་སྨན་ཐོན་རྫས་ཁག་གཅིག་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་རྒྱལ་ཁབ་ཁག་གཅིག་ལ་བྲིན་ཚོང་བྱེད་ཀྱི་ཡོད་པས་བོད་སྨན་གྱི་ཐོན་ཚད་རིནཐང་སྒོར་དུང་ཕྱུར་ཁ་ཤས་ལོན་ཡོད་པ་རེད། དེང་རབས་ཀྱི་བོད་ལུགས་གསོ་རིག་རིག་པ་དེ་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་ནས་མི་དེ་བས་མང་བར་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།