《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་བོད་ཀྱིས་95%ཡན་གྱི་གྲོང་ཚོར་གྲོང་མིའི་འཐུས་མི་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་འབྲེལ་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་རང་སྐྱོང་སྲོལ་ཡིག་གིས་གཙོ་བོ་བྱེད་པའི་དམངས་གཙོ་དོ་དམ་ལམ་ལུགས་དང་། གྲོང་དོན་ཡོངས་བསྒྲགས་ཀྱིས་ནང་དོན་གཙོ་བོ་བྱས་པའི་དམངས་གཙོ་ལྟ་སྐུལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་འཁོད་ཡོད་པ་རེད།
1959ལོའི་ཟླ་7ཚེས་5ཉིན་ལྷོ་ཁ་ས་ཁུལ་ཁེ་གསུམ་གྲོང་ཚོའི་ཞིང་པ་443གྱིས་བོད་ཀྱི་ཞིང་པའི་མཐུན་ཚོགས་ཨང་དང་པོ་བཙུགས་པ་དེས་བོད་ཀྱི་གཞི་རིམ་དམངས་གཙོ་འཛུགས་སྐྱོང་བྱེད་འགོ་ཚུགས་པ་མཚོན་ཡོད། 1993ལོར 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས (ཚོད་ལྟར་སྤྱོད་རྒྱུ )〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས 》བཀྲམས་པས་ལྗོངས་ཡོངས་ཀྱི་གྲོང་ཚོ་ཨུ་ལྷན་གྱི་འདེམས་བསྐོ་ཚད་ལྡན་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། མིག་སྔར་བོད་ཀྱིས་95%ཡན་གྱི་གྲོང་ཚོར་གྲོང་མིའི་འཐུས་མི་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་འབྲེལ་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་རང་སྐྱོང་སྲོལ་ཡིག་གིས་གཙོ་བོ་བྱེད་པའི་དམངས་གཙོ་དོ་དམ་ལམ་ལུགས་དང་། གྲོང་དོན་ཡོངས་བསྒྲགས་ཀྱིས་ནང་དོན་གཙོ་བོ་བྱས་པའི་དམངས་གཙོ་ལྟ་སྐུལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད། གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོ་དོ་དམ་དེ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་དང་། ལྗོངས་ཡོངས་ཀྱི་90%ཡན་གྱི་གྲོང་ཚོར་ཡོངས་བསྒྲགས་སྒྲོམ་བཟོས་ནས་མང་ཚོགས་ཀྱི་ཤེས་དབང་དང་། ཞུགས་དབང་། ཇུས་འདོན་དབང་ཆ། ལྟ་སྐུལ་དབང་ཆ་བཅས་འགན་ལེན་ཐུབ་ཡོད། བོད་ཀྱི་སྐབས་བདུན་པའི་གྲོང་ཚོ (གྲོང་མི )ཨུ་ལྷན་གྱི་སྐབས་བརྗེའི་ཁྲོད་མི་ཁྲི་168.68ཀྱིས་འདེམས་དམངས་ཐོ་འགོད་བྱས་པ་དང་། འདེམས་བསྐོའི་ནང་ཐད་ཀར་ཞུགས་མཁན་འདེམས་དམངས་ཁྲི་14.52ཟིན་ནས་འདེམས་དམངས་ཚོས་འདེམས་ཤོག་ཧུར་ཐག་འཕངས་ཏེ་འདེམས་བསྐོའི་ནང་ཞུགས་ཚད་88.7%ཟིན་ནས་ཁྱོན་བསྡོམས་གྲོང་ཚོ (གྲོང་མི )ཨུ་ལྷན་གྱི་ཁོངས་མི་26335བདམས་ཡོད་པ་རེད། གྲོང་ཁྱེར་གྱི་གཞི་རིམ་དམངས་གཙོ་ཆབ་སྲིད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་192ཚང་མར་སྡེ་ཁུལ་གྲོང་མིའི་འཐུས་མི་ཚོགས་ཆེན་དང་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁུལ་གྱི་རྩ་འཛུགས་བཙུགས་ཡོད་པས་སྡེ་ཁུལ་གྲོང་མིའི་རང་སྐྱོང་ཐད་རྩ་འཛུགས་ཀྱི་འགན་ལེན་གང་ལེགས་བྱུང་ཡོད་པ་རེད།