《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཐོག་2008ལོ་ནས་2012ལོའི་བར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་ཁྱོན་གྲོས་གཞི་1507འབྱོར་བ་ཚང་མར་ལན་བཏབ་ཡོད་ཅེས་འཁོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་སྲིད་གྲོས་བརྒྱུད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དངོས་ཡོད་གནད་དོན་དང་འབྲེལ་བར་རྒྱ་ཁྱབ་ངང་གྲོས་མོལ་བྱས་པ་དང་དམངས་ཀྱི་བློ་གྲོས་བསྡུས་ཏེ་ཆབ་སྲིད་གྲོས་མོལ་ཐབས་ཇུས་ཀྱི་གོ་རིམ་ནང་བཅུག་ཡོད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ཀྱི་ལས་རིགས་ཁག་དང་མི་རིགས་ཀྱི་མི་སྣ་ཁག་རྒྱ་ཁྱབ་ངང་ཞུགས་སུ་བཅུག་པ་དེས་ཨུ་ཡོན་གྱི་བདམས་ཐོན་པ་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་ཡོད་པ་མཚོན་ཐུབ་པ་དང་། རིམ་ཁག་སྲིད་གྲོས་ཨུ་ཡོན་གྱིས་མི་དམངས་ཀྱི་ཚོགས་པ་ཁག་དང་མི་རིགས་དང་ལས་རིགས་ཁག་གི་མི་སྣ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་པ། བརྟག་དཔྱད་ཞིབ་འཇུག་དང་ཐབས་ཇུས་གཏིང་ཟབ་བཏོན་པ་བཅས་ནི་བོད་ཀྱི་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཐད་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད་ཚུལ་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ཐོག་མིག་སྔར་བོད་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་29ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་26ཡོད། 2008ལོ་ནས་2012ལོའི་བར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་ཁྱོན་གྲོས་གཞི་1507འབྱོར་བ་ཚང་མར་ལན་བཏབ་ཡོད་ཚུལ་བསྟན་ཡོད།
ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་ནི་ཀྲུང་གོ་མི་དམངས་ཀྱི་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན། 1959ལོའི་ཟླ་12ཚེས་20ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་བོད་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ཏེ་སྲིད་གྲོས་བོད་ལྗོངས་ཨུ་ཡོན་ལྷན་ཁང་དབུ་བཪྙེས་པའི་ཁྱབ་བསྒྲགས་བྱས་པ་རེད།