དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་དུ་མིག་སྔར་སྤྲུལ་སྐུ་358ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་དུ་མིག་སྔར་སྤྲུལ་སྐུ་358ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆར་བརྩི་འཇོག་གང་ལེགས་ཞུས་པས་རིགས་ཁག་གི་ཆོས་ལུགས་དང་གྲུབ་མཐའ་ཁག་ལ་འདྲ་མཉམ་ངང་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་ཡོད་པ་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། མིག་སྔར་བོད་དུ་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་1787ཡོད་པ་དང་དགོན་པར་ཡོད་མུས་ཀྱི་གྲྭ་བཙུན་ཁྲི་4.6ལྷག་ཙམ་དང་སྤྲུལ་སྐུ་358ཡོད། བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་མང་ཚོགས་མང་ཆེ་བས་དད་པ་བྱེད་པའི་ཆོས་ལུགས་ཤིག་ཡིན། དགོན་སྡེར་དཔེ་སྦྱོང་དང་། རྟགས་གསལ་གཏོང་བ། སློབ་གནས་འཕར་བ། སྡོམ་པ་བཞེས་པ། བཀའ་དབང་གནང་བ། སྒོམ་གྲུབ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་གྱི་ཡོད། ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་འཆར་རིམ་བཞིན་བྱེད་སྒོ་སྣ་ཚོགས་སྔར་རྒྱུན་བཞིན་སྤེལ་གྱི་ཡོད། བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་ཡོད་པའི་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་པའི་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུར་རྒྱལ་ཁབ་ཀྱི་བརྩི་བཀུར་ཐོབ་ཡོད་པས་མིག་སྔར་ཡང་སྲིད་སྤྲུལ་སྐུ་གསར་པ་40ལྷག་ཙམ་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གའི་ཐོག་ནས་ངོས་འཛིན་བྱས་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་བོད་བརྒྱུད་ནང་བསྟན་དང་། བོན་ཆོས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་མང་པོ་མཉམ་དུ་གནས་པའི་ས་ཁུལ་ཞིག་ཡིན་པ་དང་བོད་བརྒྱུད་ནང་བསྟན་ནང་ཁུལ་དུའང་གྲུབ་མཐའ་མི་འདྲ་བ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པ་བཟོས་པ་དང་ཆོས་སྲིད་ལོགས་སུ་དབྱེ་བ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བཙོག་སྐྱོན་ཕོག་པའི་ཆ་མེད་པ་བཟོས་པ། ཆོས་ལུགས་ཀྱི་ངོ་བོ་སླར་གསོ་བྱས་པ་བཅས་ལ་བརྟེན་ནས་ཆོས་དད་རང་མོས་དང་། ཆོས་ལུགས་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་དབར་འདྲ་མཉམ་འཆམ་མཐུན་དངོས་སུ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།