《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཕྱི་ཕྱོགས་སུ་བོད་ཀྱི་རིག་གནས་སྤེལ་རེས་ཉིན་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་། ལོ་60རིང་བོད་ཀྱིས་སྔ་རྗེས་སུ་ཚོགས་པ (ཚོགས་ཆུང )360ལྷག་ཙམ་དང་མི་ཐེངས་400ལ་ཉེ་བ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་འཚམས་འདྲིར་མངགས་པ་དང་ཕྱི་རྒྱལ་གྱི་གྲོང་ཁྱེར་110ལྷག་ཙམ་ལ་རིག་གནས་སྤེལ་རེས་འཁྲབ་སྟོན་བྱས་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་གྱི་རིགས་གཅིག་མཁས་པ་དང་རིག་གནས་པ་200ལྷག་ཙམ་བོད་དུ་འཁྲབ་སྟོན་དང་། འཆད་ཁྲིད། འགྲེམས་སྟོན་བཅས་ལའང་གདན་དྲངས་ཡོད་ཅེས་གསལ།
རྒྱབ་ཤ་དཀར་པོའི་དེབ་ནང་། བོད་ཡོངས་སུ་ཆེད་ལས་རིག་རྩལ་ཚོགས་པ་10དང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་20ལྷག་ཙམ་ཡོད་པ་མ་ཟད། ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་དང་དམངས་ཁྲོད་ལྷ་མོ་ཚོགས་པ་160ལྷག་ཙམ་དང་རིག་རྩལ་ལས་དོན་པ་སྣ་ཚོགས་400ལྷག་ཙམ་ཡོད་པ་དག་བོད་རིགས་ཀྱིས་གཙོས་པའི་རིག་རྩལ་དཔུང་ཁག་ཅིག་ཏུ་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད། དེ་དག་གིས་སྒྱུ་རྩལ་གསར་རྩོམ་བྱ་བར་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་ཁྲང་ཞི་དང་ལྷ་མོ་ཟུང་དུ་འབྲེལ་བའི 《འུན་ཤིང་ཀོང་ཇོ 》དང་། གླུ་གར་ཆེ་གྲས 《རྣམ་པར་བཀྲ་བའི་ཁ་བཏགས 》《དགུང་སྔོན་བོད་ལྗོངས 》《བོད་ཀྱི་དཔྱིད་ཀ 》 གཏམ་བརྗོད་ཟློས་གར 《བཅིངས་འགྲོལ 》《བཀྲ་ཤིས་སྒང 》གློག་བཪྙན 《ཐང་ག 》སོགས་བསྟན་ཡོད།