《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དེང་གི་འཛམ་གླིང་ཐོག་ཆེས་དྭངས་གཙང་གི་ས་ཁོངས་ཀྱི་གྲས་ཤིག་རེད་ཅེས་འཁོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་སྣོད་བཅུད་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་དམིགས་ཚད་བཏོན་ཡོད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྣོད་བཅུད་ཁུལ་གལ་ཆེན་ལ་སྲུང་སྐྱོང་ནུས་ལྡན་བྱུང་ཡོད། བོད་དུ་ཁྱོན་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པའི་ནང་རྒྱལ་ཁབ་རིམ་པ་9དང་། རང་སྐྱོང་ལྗོངས་རིམ་པ་14 ས་ཁུལ་དང་རྫོང་རིམ་པ་24བཅས་བཙུགས་ཡོད་པར་ཁྱོན་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་ནས་ལྗོངས་ཡོངས་ཀྱི་ས་ཁྱོན་གྱི་33.9% བཟུང་ཡོད་པ་དང་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པ་རེད། བོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཁ་125དང་རི་སྐྱེས་རྩི་ཤིང་སྣ་ཁ་39ཡོད་པ་དག་སྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་སྲུང་སྐྱོང་ལེགས་ཙམ་བྱུང་པ་དང་གཞན་ཡང་བོད་ཀྱིས་ནགས་ཚལ་གཅོད་འབྲེག་གི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱས་ནས་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་ཏེ་ནགས་ལས་དང་རྩྭ་ཐང་སྣོད་བཅུད་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྗོངས་ཡོངས་སུ་ནགས་གསོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8.37དང་། རི་བཀག་ནགས་གསོ་སྤྱི་ཆིང་ཁྲི་33.87 རྨོ་བསྐྱུར་ནགས་གསོ་སྤྱི་ཆིང་ཁྲི་1.92བཅས་ཟིན་པའི་མྱུར་ཚད་ཐོག་ནས་འཕར་བཞིན་ཡོད་པ་དང་བོད་ཀྱི་ནགས་ཚལ་ཁྱབ་ཚད་མིག་སྔའི་11.91%བར་མང་དུ་ཕྱིན་ཡོད་པ་རེད། 2012ལོའི་ལོ་མཇུག་བར་བོད་དུ་རང་བྱུང་སྤང་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8511ཟིན་པའི་ནང་སྤྱོད་ཆོག་པའི་རང་བྱུང་སྤང་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་6910ཟིན་ཡོད་ཅེས་འཁོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་དེང་གི་འཛམ་གླིང་ཐོག་ཆེས་དྭངས་གཙང་གི་ས་ཁོངས་ཀྱི་གྲས་ཤིག་ཡིན་ཞིང་། རླུང་ཁམས་ཆེན་པོའི་ཁོར་ཡུག་དྭངས་གཙང་ཡོད་ཁར་སྦགས་བཙོག་དངོས་པོ་འདུས་ཚད་དེ་བྱང་སྣེ་ས་ཁུལ་དང་གཅིག་མཚུངས་ཡིན་པ་དང་སྦགས་བཙོག་དངོས་པོ་སྣ་ཚོགས་ཉུང་ཙམ་ཡོད་ལ་གར་ཚད་ཀྱང་དམའ་ཙམ་ཡོད་ཅེས་འཁོད་ཡོད་པ་རེད།