དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་དེ་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པ་དང་བོད་དེ་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཞེས་འཁོད་ཡོད་པ་རེད།

        དུས་རབས་20པའི་ལོ་རབས་50པའི་གོང་དུ་བོད་དེ་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ལྷ་དབང་གོང་དུ་བཀུར་བ་དང་དཔོན་རིགས་དང་། སྐུ་དྲག དགོན་སྡེ་བཅས་ཕྱོགས་གསུམ་གཞི་གཅིག་གིས་བོད་ཀྱི་ཐོན་ཁུངས་དང་རྒྱུ་ནོར་ལ་ཚོད་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་དང་མི་དམངས་དཀའ་སྡུག་ཆེ་བ་དང་རང་དབང་གཏན་ནས་མེད་པ་རེད། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ནི་ཡོ་རོབ་ཀྱི་དུས་རབས་བར་མ་དང་འདྲ་བར་མུན་ནག་དང་རྗེས་ལུས་ཡིན་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་དེ་ཉིད་དེང་རབས་ཤེས་དཔལ་གྱི་ཕྱོགས་སུ་སྐྱོད་འགོ་བཙུགས་ནས་1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་བཙུགས་པ། སྒྱུར་བཅོས་སྒོ་དབྱེ་སོགས་གལ་ཆེའི་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་མཚམས་སུ་བོད་དེ་ཉིད་རྒྱལ་ཡོངས་དང་མཉམ་དུ་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་ད་ཆའི་བོད་དེ་ཉིད་དུས་རབས་20པའི་ལོ་རབས་50པའི་གོང་དང་བསྡུར་ཚེ་གནམ་ས་ལྟ་བུའི་ཁྱད་པར་འཛོལ་ཡོད་པ་རེད། བོད་ཀྱི་མི་དམངས་ལ་རང་དབང་དང་། འདྲ་མཉམ། ལ་རྒྱ་བཅས་ཐོབ་ནས་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་ཀྱིས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་རེ་འདུན་དང་ཡང་འཚམ་ནས་ཀྲུང་གོ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡར་ཐོན་ཡོང་བའི་ལྡོག་མེད་གྲུབ་འབྲས་ཤིག་ཡིན་པ་རེད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཐོག་དྲང་བདེན་དང་བདེ་སྐྱིད་དོན་གཉེར་གྱི་ཡར་ཐོན་བསམ་པ་དང་གསར་གཏོད་ནུས་པ་བརྩོན་ལེན་བྱེད་པའི་རྒྱལ་ཁ་ཞིག་དང་ལོ་རྒྱུས་ཀྱི་ལྡོག་མེད་བླང་བྱ་ཞིག་ཡིན་ལུགས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།