《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ནུས་ལྡན་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གིས་མི་རིགས་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་སྒྲིག་གཞི་བཙུགས་ཏེ་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཤུལ་བཞག་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ཤིང་། སྔ་རྗེས་སུ 《ཀྲུང་གོའི་ཟློས་གར · བོད་ཀྱི་ལེའུ 》དང་། 《ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཟློས་གར་གནས་བསྡུས · བོད་ཀྱི་ལེའུ 》 《ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་གནས་བསྡུས ·བོད་ཀྱི་ལེའུ 》སོགས་རིག་རྩལ་དེབ་ཆེ་གྲས་བཅུ་རྩོམ་སྒྲིག་པར་སྐྲུན་བྱས་པ་དེའི་ནང་མི་རིགས་ཀྱི་རོལ་དབྱངས་དང་། གླུ་གཞས། གཞས་མ་གཏམ་བཅས་ཁྲི་གཅིག་ལྷག་ཙམ་དང་དཔྱད་ཡིག་ཡིག་འབྲུ་ཁྲི་3000ལྷག་ཙམ་བསྡུ་རུབ་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་བོད་དུ་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་800ཙམ་ཡོད་པ་དང་། སྲོལ་རྒྱུན་ལྷ་མོའི་འཁྲབ་སྟོན་སྒྲིག་གཞི་80ལྷག་ཙམ་དང་རྒྱུན་འཛིན་པ་1177ཡོད་པ་དེའི་ནང་ལྷ་མོ་དང 《གླིང་སྒྲུང 》མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོའི་ནང་བཅུག་པ་དང་། བོད་རིགས་ཀྱི་ཐང་ག་དང་བོད་ཤོག་བཟོ་རྩལ་སོགས་རྣམ་གྲངས་75རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཅུག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོའི་ནང་བཅུག་པ། རྒྱུན་འཛིན་པ་68རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ། རྣམ་གྲངས་323དང་རྒྱུན་འཛིན་པ་227རང་སྐྱོང་ལྗོངས་རིམ་པའི་མིང་ཐོའི་ནང་བཅུག་པ། གནའ་བོའི་དཔེ་ཆ་ཪྙིང་པ་158རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་ཪྙིང་མིང་ཐོའི་ནང་བཅུག་ཡོད། རིག་གནས་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཤང་5དང་། རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཤང་19 དམིགས་བསལ་སྒྱུ་རྩལ་ཤང་2བཅས་ལ་མིང་འདོགས་བྱས་ཡོད་ཅེས་འཁོད་ཡོད་པ་རེད།