དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་རིམ་བཞིའི་མི་དམངས་འཐུས་མིའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་93%ཡན་བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་2012ལོར་ཐད་ཀར་རམ་གཞན་བརྒྱུད་འདེམས་བསྐོ་བྱས་ནས་ཐོན་པའི་རིམ་བཞིའི་མི་དམངས་འཐུས་མི་4244ཡི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་31901ཡོད་པ་དེས་93%ཡན་བཟུང་ཡོད་ཅེས་འཁོད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྔ་བར་ཕྱི་གསུམ་དུ་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་མི་གྲངས་མང་པོ་བཟུང་ཡོད། 2012ལོར་ཐད་ཀར་རམ་གཞན་བརྒྱུད་འདེམས་བསྐོ་བྱས་ནས་ཐོན་པའི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244ཡི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་31901ཡོད་པ་དེས་93%ཡན་བཟུང་གི་ཡོད། མོན་པ་རིགས་དང་། ལྷོ་པ་རིགས། འཇང་རིགས། ཧུའེ་རིགས། ཀྲོང་རིགས་སོགས་མི་རིགས་ཚང་མར་རང་ཉིད་ཀྱི་འཐུས་མི་ཡོད་ཅིང་། མིག་སྔར་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་20ཡོད་པའི་ནང་བོད་རིགས་སྤྱི་དམངས་12དང་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་སྤྱི་དམངས་རེ་རེ་ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་44ཡོད་པ་དེའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ཁོངས་མི་25ཡོད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་14ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་8ཡོད། བུད་མེད་ཀྱི་སྤྱི་ཚོགས་གནས་བབ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བཞིན་ཡོད་ཅིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲོད་བུད་མེད་འཐུས་མིས་འཐུས་མིའི་བསྡོམས་འབོར་གྱི་25.4%བཟུང་བ་དང་རིམ་ཁག་སྲིད་གཞུང་གཞུང་ལས་པའི་ཁྲོད་བུད་མེད་ཀྱིས་34.49%བཟུང་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།