དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • 2012ལོའི་ལོ་མཇུག་ཏུ་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་2012ལོའི་ལོ་མཇུག་ཏུ་སླེབས་སྐབས་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ལྟེ་བར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བོད་དུ་ཁྱོན་ཡོངས་ནས་བཙུགས་པས་ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་གྲངས་མི་ཐེངས་ཁྲི་239.7ཟིན་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་ད་ཕན་ལོ་ཤས་རིང་བོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རིམ་གྱིས་འཐུས་ཚང་དུ་ཕྱིན་པར་བརྟེན་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་ངལ་ཡོད་དུས་རོགས་པ་བྱེད་མཁན་ཡོད་པ་བཅས་མངོན་འགྱུར་བྱུང་ཞིང་། 2012ལོར་སྤྱི་ཚོགས་ཀྱི་འགན་བཅོལ་ཁག་སྒོར་དུང་ཕྱུར་23.8དོན་འཁྱོལ་བྱུང་ཡོད། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལེན་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པའི་ཐོག་སྐྱོབ་གསོའི་ཁ་གསབ་ཚད་གཞི་ཡང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། 2012ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་48047གྱིས་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་32.9ཡིས་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་ཀྱི་ཡོད། ཁ་གསབ་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་400དང་མི་རེར་ལོ་རེར་སྒོར་1600ཡིན། འགན་ལེན་ལྔའི (ལྟོ་ཆས་དང་། གྱོན་ཆས། སྨན་བཅོས། སྡོད་ཁང་། ཕུང་སྐྱེལ་བཅས་འགན་ལེན )འཚོ་རྟེན་གྱི་ཚད་གཞི་མཐོ་རུ་བཏང་ནས་2013ལོར་མི་རེར་སྒོར་2600ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཐད་རིམ་རྩིས་བྱས་ན། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་12ཙམ་ལ་རོགས་སྐྱོབ་བྱས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་20575དོན་འཁྱོལ་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།