དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་ལོ་19བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་བོད་དུ་ཅུང་འཐུས་སྒོ་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་སྲོལ་རགས་ཙམ་བཙུགས་ནས་དཔལ་འབྱོར་བསྡོམས་འབོར་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱས་པ་དང་འབྲེལ། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་མགྱོགས་པོ་ཞིག་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད། བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2012ལོའི་སྒོར་དུང་ཕྱུར་701བར་མང་དུ་སོང་བ་དང་། ལོ་རེར་ཆ་སྙོམས་8.5%འཕར་བ། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་2.29ཟིན་ཡོད། 1994ལོའི་ཚུན་དུ་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་19བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་12.7%ཟིན་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།