དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱིས་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་1985ལོ་ནས་བཟུང་བོད་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གསོ་དང་ལེན་ཞུ་མཁན་ཞིང་འབྲོག་བུ་ཕྲུག་ལ་ཟ་སྡོད་དང་སློབ་སྦྱོང་འགྲོ་གྲོན་འགན་གཙང་ལེན་པའི “འགན་ལེན་གསུམ ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། སྔ་རྗེས་སུ་ཁ་གསབ་ཚད་གཞི་ཐེངས་12སྤར་བས་མི་གྲངས་ཁྲི་51.04ལ་ཕན་པ་ཐོབ་ཡོད། 2007ལོར་བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་དགུའི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་བསྟར་བྱས་པ་དང་། 2012ལོར་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ (སློབ་ཞུགས་གོང་གི་སློབ་གསོ་ལོ་3དང་། སློབ་ཆུང་ལོ་6 དམའ་རིམ་སློབ་འབྲིང་ལོ་3 མཐོ་རིམ་སློབ་འབྲིང་ལོ་3བཅས )སླར་ཡང་ལག་བསྟར་བྱས་ཡོད་ཅེས་བསྟན་ཡོད།

        2012ལོའི་ལོ་མཇུག་བར་བོད་ཡོངས་སུ་སློབ་ཆུང་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་292016ཟིན་ནས་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.4%ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་130266ཟིན་ནས་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་98.6%ཟིན་པ། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་47825ཟིན་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་18291ཟིན་ནས་མཐོ་རིམ་དུས་མཚམས་སུ་སློབ་གྲྭར་ཞུགས་ཚད་70.2%ཟིན་པ། སློབ་གྲྭར་ཡོད་མུས་ཀྱི་དངོས་གཞི་དང་ཆེད་ཚན་སློབ་མ་33452དང་ཞིབ་འཇུག་སློབ་མ་1079ཟིན་ནས་མཐོ་རིམ་སློབ་གྲྭའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་27.4%ཟིན་པ་བཅས་རེད།

        གཞན་ཡང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་20ཡི་སློབ་གྲྭ་26གིས་ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་འཛིན་གྲྭ (སློབ་གྲྭ )གཉེར་བ་དང་། གཙོ་གནད་མཐོ་རིམ་སློབ་འབྲིང་60ཡིས་ཐེམ་ཁུངས་བོད་ནས་ཡིན་པའི་བོད་རིགས་སློབ་མ་བསྡུས་པ། རྒྱལ་ཁབ་རིམ་པའི་དཔེ་སྟོན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་48དང་མཐོ་རིམ་སློབ་གྲྭ་170ཡིས་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུས་པ་བཅས་རིམ་རྩིས་བརྒྱབ་ན་དམའ་རིམ་སློབ་འབྲིང་གི་སློབ་མ་42040དང་། མཐོ་རིམ (འབྲིང་རིམ )སློབ་གྲྭའི་སློབ་མ་47492 མཐོ་སློབ་དངོས་གཞི་དང་ཆེད་ཚན་སློབ་མ་16100བཅས་བསྡུས་ཡོད། མིག་སྔར་ནང་སའི་བོད་ལྗོངས་འཛིན་གྲྭར (སློབ་གྲྭ )སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བསྡོམས་42460ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།