དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་དུ་རྫོང་དང་ཤང་ཚང་མར་གཞུང་ལམ་སྤྱིར་ན་ཤར་བགྲོད་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་2012ལོའི་ལོ་མཇུག་བར་བོད་དུ་རིམ་པ་ལྡན་པ་ཡན་གྱི་གཞུང་ལམ་སྤྱི་ལེ་8896ཟིན་པ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཚད་སྤྱི་ལེ་ཁྲི་6.52ཟིན་ཏེ་རྫོང་ཚང་མར་གཞུང་ལམ་དང་ཤང་ཚང་མར་གཞུང་ལམ་སྤྱིར་ན་ཤར་བགྲོད་ཐུབ་པ་དེའི་ནང་རྫོང་62ལ་སྣུམ་ནག་ལམ་བུ་ཡོད་པ་རེད། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཚོད་དཔག་བྱས་ན་2014ལོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་2011ལོར་བོད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ཤར་གཏོང་ཐུབ་ཡོད།

        2012ལོའི་ལོ་མཇུག་བར་བོད་དུ་གནམ་ཐང་5ཡོད་པ་དང་མཁའ་འགྲུལ་ཀུང་སི་9ཡིས་བོད་དུ་གཉེར་སྐྱོང་བྱེད་ཀྱི་ཡོད། རྒྱལ་ནང་གི་མཁའ་ལམ་34ཡོད་པ་དང་ལྷ་ས་གོང་དཀར་གནམ་ཐང་གཙོ་བོ་དང་ཆབ་མདོ་སྤང་མདའ་དང་། ཉིང་ཁྲི་སྨན་གླིང་། མངའ་རིས་དགུན་ས། གཞིས་རྩེའི་ཞི་བདེ་བཅས་ཀྱིས་གནམ་ཐང་ཕལ་པ་བྱེད་པའི་གནམ་ཐང་གི་རྣམ་པ་རགས་ཙམ་ཆགས་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་ 2012ལོར་བོད་ཀྱི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་གྲངས་ཆན་ཝ་ཁྲི་123ཟིན་པ་དང་གློག་སྤྱོད་པའི་མི་འབོར་ཁྱབ་ཚད་100%ཟིན་ཡོད། ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་གྲྭ་འགོ་ཚུགས་པ་དང་2012ལོའི་ལོ་མཇུག་ཏུ་དྲོད་རླངས་མཁོ་འདོན་གྱི་དམིགས་ཚད་40%མངོན་འགྱུར་བྱུང་ཡོད།

        མིག་སྔར་ལྗོངས་ཡོངས་སུ་ཁྱབ་པའི་འོད་ཁྲིད་ཚི་སྐུད་དང་། སྲུང་སྐར། ཐག་རིང་བཅས་ཀྱི་ཁ་པར་དྲ་བ་བཙུགས་ཡོད་པ་དང་ལྗོངས་དེ་ཡོངས་ཀྱི་རྫོང་ཡན་དུ་3Gའཕྲིན་གཏོང་ལག་རྩལ་ཁྱོན་ཡོངས་ནས་ཁྱབ་སྟེ་ཤང་ཚང་མར་དྲ་ཆེན་དང་གྲོང་ཚོ་ཚང་མར་སྤྱིར་ན་ཁ་པར་ཤར་གཏོང་ཐུབ་ཀྱི་ཡོད། 2012ལོར་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ཐེམ་དུད་ཁྲི་147ཟིན་པ་དང་ཁྱབ་ཚད་33.3%ཟིན་གྱི་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།