དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་ཚན་རིག་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་ཚན་རིག་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། མིག་སྔར་བོད་དུ་གཞུང་ཁོངས་ཀྱི་རང་ཚུགས་ཚན་ཞིབ་སྒྲིག་གཞི་33དང་། དམངས་གཉེར་ཚན་ཞིབ་སྒྲིག་གཞི་10 རང་སྐྱོང་ལྗོངས་དང་། ས་ཁུལ ( གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུས )བཅས་རིམ་གསུམ་གྱི་ཞིང་འབྲོག་ལས་ཚན་ཞིབ་དང་ལག་རྩལ་ཁྱབ་གདལ་སྒྲིག་གཞི་184ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཪྙིང་པར་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཕུད་དེང་རབས་དོན་སྙིང་ཐད་ཀྱི་ཚན་ཞིབ་སྒྲིག་གཞི་དང་ཚན་ཞིབ་མི་སྣ་མེད་པ་དང་། ད་ཆ་བོད་དུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་དང་གཙོ་གནད་ཚོད་ལྟ་ཁང་29དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་མཁས་ཅན་27 རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་46 རྒྱལ་ཁབ་རིམ་པའི་གསར་གཏོད་རྣམ་པའི་ཁེ་ལས་དང་ཁེ་ལས་ལག་རྩལ་ལྟེ་གནས་5བཅས་ཡོད་ཅེས་བསྟན་ཡོད།

        དེ་དག་ཕུད་མིག་སྔར་བོད་དུ་ད་དུང་ཆེད་ལས་ལག་རྩལ་མི་སྣ་56264ཡོད་པ་དེའི་ནང་གྲངས་ཉུང་མི་རིགས་43552ཡོད་པ་དེས་བསྡོམས་འབོར་གྱི་77.41%བཟུང་བ་དང་། མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ་ 2870(དེའི་ནང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་གཅིག་དང་། སྲིད་གཞུང་གི་དམིགས་བསལ་ཁ་གསབ་ལོངས་སུ་སྤྱོད་མཁན་རིགས་གཅིག་མཁས་ཅན་244 ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་དར་མ་དང་གཞོན་ནུ་རིགས་གཅིག་མཁས་ཅན་16 རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་3བཅས་ཚུད་ཡོད )དང་། འབྲིང་རིམ་ཆེད་ལས་ལག་རྩལ་མི་སྣ་13869 དམའ་རིམ་ཆེད་ལས་ལག་རྩལ་མི་སྣ་36216བཅས་ཡོད་ཅིང་། ཁོང་ཚོས་ཞིང་འབྲོག་ལས་ཐོན་སྐྱེད་དང་། བཟོ་ལས་ཐོན་སྐྱེད། བོད་སྨན་ཐོན་ལས། ནུས་རྒྱུ་གསར་པ། ཡུལ་སྐོར་ལས་རིགས། རིག་གནས་གསར་གཏོད། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།