དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཞིག་རོའི་ཐོག་ནས་འགོ་འཛུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་1959ལོའི་གོང་དུ་བོད་ཀྱི་སྤྱི་ཚོགས་རྣམ་པ་ནི་དཔེ་མཚོན་གྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཞིག་རོའི་ཐོག་ནས་འགོ་འཛུགས་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་1959ལོའི་གོང་དུ་བོད་ཀྱི་སྤྱི་ཚོགས་རྣམ་པ་དེ་གང་འདྲ་ཞིག་ཡོད་དམ། གཤམ་གྱི་གནས་ཚུལ་ཐོག་ནས་རགས་ཙམ་ཤེས་ཐུབ་སྟེ།

        རྒྱ་གར་དུ་བཅའ་སྡོད་དབྱིན་ཇིའི 《ཉིན་རེའི་སྦྲག་ཏར་ཚགས་པར 》གྱི་དེ་སྔའི་གསར་འགོད་པ་ཨའེ་ཏེ་མོང ·ཁའེ་ཏེ་ལེ་ཡིས་1905ལོར་དཔེ་སྐྲུན་བྱས་པའི 《ལྷ་སའི་གནས་ཚུལ་ངོ་མ 》ཞེས་པའི་དེབ་ནང་བོད་ཪྙིང་པར “དུས་རབས་དཀྱིལ་མའི་ངོ་བོ་ལྡན་ཡོད ”“ལག་བསྟར་བྱེད་པ་ནི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཡིན ”“བླ་མ་དག་ནི་རྒྱལ་པོ་ལྟ་བུ་དང་ཞིང་བྲན་ནི་ཁོ་པ་ཚོའི་བྲན་གཡོག་ཡིན ”“མི་དམངས་རྣམས་དུས་རབས་དཀྱིལ་མའི་ལོ་རབས་སུ་གནས་པ་དེ་ཁོ་པ་ཚོའི་སྲིད་དབང་ལམ་ལུགས་དང་ཆོས་ལུགས་ཐད་ནས་མངོན་པ་མ་ཟད། ཁོ་པ་ཚོའི་ཧ་ཅང་ནན་པའི་ཁྲིམས་གཅོད་དང་། རྫུ་འཕྲུལ། ཡང་སྲིད་ངོས་འཛིན། དེ་བཞིན་མེ་ལྕེ་དང་སྣུམ་ཚ་པོས་གཞན་ལ་སྡུག་པོ་གཏོང་བའི་ཐད་དེ་ལྟར་ཡིན་ལ་ཁོ་པ་ཚོའི་རྒྱུན་གཏན་འཚོ་བའི་ཕྱོགས་ཁག་ཚང་མའི་ཐད་ལའང་དེ་ལྟར་ཡིན ”“ཞིང་བྲན་རྣམས་རྟ་ཟོག་སེམས་ཅན་ལྟར་ལས་ཀ་བྱས་ཀྱང་། ཁོང་ཚོར་ཐོབ་པ་ནི་ཧ་ཅང་ཉུང་ཉུང་གི་འཚོ་བའི་མཁོ་ཆས་ཙམ་ཡིན ”ཞེས་བྲིས་ཡོད།

        དབྱིན་ཇིའི་བོད་རིག་པ་མཁས་ཅན་ཁྲའར་སི ·པེར་གྱིས་དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུར་བྲིས་པའི 《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གཏམ་རྒྱུད 》ཅེས་པའི་ནང “བོད་ཪྙིང་པའི་ཁྲིམས་གཅོད་ནི་ཧ་ཅང་ནན་པོ་ཡོད། དངུལ་ཆད་གཅོད་པ་དང་བཙོན་ཁང་དུ་བཅུག་པ་ཕུད། རྟ་ལྕགས་གཏོང་རྒྱུ་ནི་རྒྱུན་མཐོང་གི་ཁྲིམས་གཅོད་ཡིན། མི་གསོད་མཁན་དང་རྐུ་འཕྲོག་ལང་ཤོར་བར་རྐང་ལྕགས་བརྒྱབ་ཀྱི་ཡོད། ཉེས་པ་ལྕི་བ་དང་ཉེས་པ་ཐེངས་མང་གསོག་མཁན་དཔེར་ན། མི་གསོད་མཁན་དང་། འཕྲོག་བཅོམ། རྐུ་མ་ལང་ཤོར་བ། དཀྲོག་གཏམ་བཟོ་མཁན་སོགས་ལ་ལག་པ་གཅོད་པ་དང་། རྣ་བྲེག་པ། ཐ་ན་མིག་རིལ་འདོན་པ་སོགས་ཀྱི་ཁྲིམས་གཅོད་གཏོང་གི་ཡོད། མིག་རིལ་འདོན་པའི་ཁྲིམས་གཅོད་དེ་མང་ཆེ་བ་ཆབ་སྲིད་ཀྱི་ཉེས་པ་བསགས་པའི་མིར་སྤྱོད་ཀྱི་ཡོད། ལྐོག་གསོད་བྱེད་མཁན་ཀོ་བཏུམས་བརྒྱབ་ནས་གཙང་ཆུར་བསྐྱུར་གྱི་ཡོད ”ཅེས་བྲིས་ཡོད།

        ཁ་ན་ཏའི་བོད་རིག་པ་མཁས་ཅན་ཐེན ·ཀེ་ལུན་ཕུས་1987ལོར་དཔེ་སྐྲུན་བྱས་པའི་དེབ 《དེང་རབས་བོད་ཀྱི་སྐོར 》ཅེས་པའི་ནང “དེ་སྔའི་བོད་ཀྱི་དབང་སྒྱུར་ནི་དམིགས་བསལ་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་ཆབ་སྲིད་ཡིན། བཀས་བཀོད་རྒྱུད་འཛིན་གཞིས་ཀའི་གཞིས་བདག་ལ་ས་གནས་ཀྱི་དོན་ཚང་མ་ཐག་གཅོད་བྱེད་པའི་དབང་ཆ་ཡོད ”“བོད་མི་མང་ཆེ་བ་ནི་ཞིང་བྲན་ཡིན ”“ཞིང་བྲན་རྣམས་ཀྱི་དབང་ཆ་ཁོ་པ་ཚོའི་ལག་ནང་བཟུང་གི་ཡོད་པ་དང་། ཞིང་བྲན་ཚོར་དབང་ཆ་ཏིལ་འབྲུ་ཙམ་ཡང་མེད་ལ། དགོན་པར་འགྲོ་བསམ་པ་དང་ཡང་ན་གཉེན་སྒྲིག་བྱེད་བསམ་ན། གཞིས་བདག་གིས་མོས་མཐུན་བྱེད་དགོས་ཀྱི་ཡོད ”ཅེས་བྲིས་ཡོད།

        1949ལོའི་གོང་བོད་སྡོད་ཀྲུང་གོ་སྲིད་གཞུང་གི་སོག་བོད་ཨུ་ཡོན་ལྷན་ཁང་དོན་གཅོད་ཁྲུའུ་ཡི་དཔོན་རིགས་བྱེད་མྱོང་བའི་ཧྲེང་ཙུང་ལེན་དང་ལེའུ་ཧྲེང་ཆིས་1953ལོར་དཔེ་སྐྲུན་བྱས་པའི 《བོད་དང་བོད་མི 》ཞེས་པའི་དེབ་ནང “ལྷ་སའི་སྲིད་དབང་ཚོད་འཛིན་བྱེད་མཁན་གྱི་མི་སྣ་ནི་སྐུ་དྲག་ཁྱིམ་རྒྱུད་ཀྱི་མཐོ་རིམ་མི་སྣ་དང་གཞི་ཁྱོན་དེ་མཚུངས་ཀྱི་གྲྭ་པའི་ཚོགས་པ་ཡིན། ཁོ་པ་ཚོས་རྒྱ་ཆེའི་བོད་ཀྱི་མི་དམངས་ནི་ཤིང་བཤག་མཁན་དང་ཆུ་ལེན་མཁན་གྱི་སྡུག་ལས་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལོ་རྒྱུས་ནི་མདུན་ཕྱོགས་སུ་མགྱོགས་མྱུར་སྐྱོད་ངེས་པས། དམིགས་བསལ་དབང་ཆ་ཡོད་པའི་གྲལ་རིམ་དེ་འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་ཁྲོད་རྩ་ཐོར་འགྲོ་ངེས་ཡིན ”ཞེས་བྲིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།