དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་སློབ་ཆུང་97%ཙམ་གྱི་སློབ་མར་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་2012ལོའི་ལོ་མཇུག་བར་བོད་དུ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པའི་སློབ་ཆུང་ལ་སློབ་མ་282914ཡོད་པ་དེས་སློབ་ཆུང་དུ་ཡོད་པའི་སློབ་མའི་སྤྱི་འབོརགྱི་96.88%ཟིན་ཡོད་ཅེས་འཁོད་ཡོད་པ་རེད།

        བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུ་གཙོ་བོར་བྱེད་པའི་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་མ་ལག་ཁྱབ་སྤེལ་གཏོང་གི་ཡོད་ཅིང་། རྒྱབ་ཤ་དཀར་པོའི་དེབ་གཞིར་བཟུང་། མིག་སྔར་ཞིང་འབྲོག་ཁུལ་ཡོངས་དང་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་ལ་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་གཅིག་མཚུངས་ངང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་སློབ་ཚན་གཙོ་བོ་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འབྲིང་དུས་མཚམས་སུའང་རྒྱ་ཡིག་དང་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་པ་མ་ཟད་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་འབྲིང་དུ་བོད་ཡིག་སློབ་ཚན་ཡང་ཁྲིད་ཀྱི་ཡོད་པ་རེད། 2012ལོའི་ལོ་མཇུག་བར་བོད་དུ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པའི་སློབ་ཆུང་ལ་སློབ་མ་282914ཡོད་པ་དེས་སློབ་ཆུང་གི་སློབ་མའི་སྤྱི་འབོར་གྱི་96.88%བཟུང་བ་དང་། སློབ་འབྲིང་ལ་སློབ་མ་177981ཡོད་པ་དེས་སློབ་འབྲིང་གི་སློབ་མའི་སྤྱི་འབར་གྱི་90.63%བཟུང་བ། ད་ཆ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་མཁན་དགེ་རྒན་23085ཡོད་པ། རིམ་ཁག་དང་རིགས་ཁག་གི་སློབ་གྲྭར་བོད་ཡིག་དགེ་རྒན་3700ཡོད་པ་བཅས་རེད།

        དུས་མཚུངས་བོད་ཀྱི་སྐད་ཡིག་དེ་ཆབ་སྲིད་ཀྱི་འཚོ་བའི་ཁྲོད་བེད་སྤྱོད་རྒྱ་ཁྱབ་གཏོང་གི་ཡོད་ཅིང་། རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་བོད་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་ཁོངས་གཏོགས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་དངོས་གཞིའི་ཡིག་ཆ་དང་སྤྱི་བསྒྲགས་ཚང་མར་རྒྱ་བོད་ཡིག་རིགས་གཉིས་བེད་སྤྱོད་གཏོང་གི་ཡོད་པ་རེད། ཁྲིམས་འཛིན་ཞུ་གཏུག་བྱེད་རིང་ཞུ་གཏུག་ནང་ཞུགས་མཁན་བོད་རིགས་ལ་བོད་ཀྱི་སྐད་ཡིག་ཐོག་ནས་གྱོད་གཞི་ཞིབ་གཅོད་བྱེད་ཀྱི་ཡོད་ལ་བཅའ་ཁྲིམས་ཀྱི་ཡིག་ཆའང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་རེད། མིག་སྔར་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་གཞུང་དོན་ཐིང་གི་ཡིག་སྒྱུར་ཁང་དང་། ས་ཁུལ (གྲོང་ཁྱེར )ཁག་གི་རྩོམ་སྒྱུར་ཅུས། རྫོང་ཚང་མར་ཡིག་སྒྱུར་ཁང་བཅས་ཚང་མ་གཞུང་དོན་འཕྲུལ་འགུལ་ཅན་དུ་འགྱུར་བ་དང་ལྗོངས་ཡོངས་སུ་ལོ་རེའི་ཡིག་སྒྱུར་ཡིག་འབྲུ་ཁྲི་6000ལྷག་ཙམ་ཟིན་གྱི་ཡོད། ཚན་པ་ཁག་གི་ཐམ་ཀ་དང་། ལག་ཁྱེར། རེའུ་མིག ཡིག་སྐོགས། ཡིག་ཤོག འབྲི་ཤོག མཚོན་རྟགས་བཅས་དང་དེ་བཞིན་ལས་ཁུངས་དང་། བཟོ་གཏེར། སློབ་གྲྭ རླངས་འཁོར་བབས་ཚུགས། གནམ་ཐང་། ཚོང་ཁང་། མགྲོན་ཁང་། ཟ་ཁང་། ཟློས་གར་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ལུས་རྩལ་ཐང་དང་ཁང་། དཔེ་དེབ་ཁང་སོགས་ཀྱི་བྱང་བུ་དང་ཁྲོམ་གཞུང་དང་འགྲིམ་འགྲུལ་གྱི་ལམ་རྟགས་སོགས་ཚང་མར་རྒྱ་བོད་ཡིག་རིགས་གཉིས་བེད་སྤྱོད་ཀྱི་ཡོད་པ་རེད།

        གཞན་ཡང་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་སྐད་ཡིག་རིགས་ཀྱི་བསམ་པའི་རིག་གནས་ཀྱི་ཐོན་རྫས་དེ་བས་ཕུན་སུམ་ཚོགས་སུ་སོང་ཞིང་། བོད་དུ་བོད་ཡིག་གི་དུས་དེབ་སྣ་ཁ་14དང་བོད་ཡིག་གི་ཚགས་པར་སྣ་ཁ་10ཡོད། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བོད་སྐད (ཁམས་སྐད་ཚུད་པ )ཀྱི་ལེ་ཚན་42ཡོད་པ་དེའི་ནང་བོད་སྐད་ཀྱི་གསར་འགྱུར་ཕྱོགས་བསྡུས་འགུལ་ཚད་བརྒྱུད་ཉིན་ལྟར་རྒྱང་བསྒྲགས་ཆུ་ཚོད་21དང་ཁམས་སྐད་ཀྱི་རླུང་འཕྲིན་འགུལ་ཚད་བརྒྱུད་ཉིན་ལྟར་རྒྱང་བསྒྲགས་ཆུ་ཚོད་18གཏོང་གི་ཡོད། བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་ཀྱིས་བོད་སྐད་སྲུང་སྐར་བཪྙན་འཕྲིན་བརྒྱུད་ཆུ་ཚོད་24རིང་ལེ་ཚན་བསྟན་པ་བཅས་བྱེད་ཀྱི་ཡོད། 2012ལོར་བོད་རང་སྐྱོང་ལྗོངས་ཀྱིས་པར་སྐྲུན་བྱེད་ཚད་དེབ་ཁྲི་431ལོན་པའི་ནང་བོད་ཡིག་དེབ་སྣ་ཁ་780དཔེ་སྐྲུན་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།