དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རིན་མེད་བདེ་ཐང་བརྟག་དཔྱད་མངོན་འགྱུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་རིན་མེད་བདེ་ཐང་བརྟག་དཔྱད་མངོན་འགྱུར་བྱས་པ་དང་འགྲོ་གྲོན་ཁ་གསབ་ཚད་གཞི་རིམ་བཞིན་མཐོ་རུ་བཏང་བས་མིག་སྔར་ལོར་མི་རེར་ཆ་སྙོམས་སྒོར་300ཟིན་ཡོད་ཅེས་བསྟན་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཪྙིང་པར་ལྷ་ས་དང་གཞིས་རྩེར་གཞི་ཁྱོན་ཧ་ཅང་ཆུང་བའི་གཞུང་བཙུགས་བོད་ལུགས་གསོ་རིག་དང་བོད་སྨན་སྒྲིག་གཞི་དང་། སྒེར་གཉེར་སྨན་བཅོས་ཁང་། དམངས་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་བཅས་ཉུང་ཤས་ལས་མེད། མིག་སྔར་བོད་དུ་ལྷ་ས་ལྟེ་བར་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བོད་ལུགས་གསོ་རིག་དང་བོད་སྨན་དང་། ཕྱི་ལུགས་སྨན་བཅོས། ཀྲུང་ལུགས་སྨན་བཅོས་བཅས་ཟུང་དུ་འབྲེལ་བའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ནས “གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པའི ”དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་འཁོད་ཡོད།

        ཞིང་འབྲོག་པའི་རིན་མེད་སྨན་བཅོས་འགྲོ་གྲོན་ཁ་གསབ་ཚད་གཞི་དེ་1993ལོའི་ལོར་མི་རེར་ཆ་སྙོམས་སྒོར་5.5ནས་2012ལོའི་ལོར་མི་རེར་ཆ་སྙོམས་སྒོར་300བར་མཐོ་རུ་ཕྱིན་ཡོད།

        དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་མ་དངུལ་སྒོར་ཁྲི་2300བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ནད་གཞི་ལྕི་བའི་ཁ་གསབ་སྨན་བཅོས་འགན་བཅོལ་བཙུགས་པ་རེད། 2012ལོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1032ལ་རིན་པ་མི་དགོས་པར་སྐྱོབ་བཅོས་བྱས་ཡོད། མིག་སྔར་བོད་ཀྱིས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་81བཙུགས་ནས་ལྗོངས་ཡོངས་སུ་རིམས་འགོག་འཆར་འགོད་ལག་བསྟར་བྱས་པ་དང་རིམས་ནད་གནས་ཚུལ་སྙན་ཞུ་དང་ལྟ་ཞིབ་ཚད་འཇལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་བྱི་རིམས་དང་། འདུས་འདྲིལ་གཅོང་ནད། མཛེ་ནད། གྲུམ་བུ་ཚིགས་ཆེན་ནད། ཏན་ཚྭ་མི་འདང་བའི་ནད། སིབ་བི། མགྲིན་ནད། བརྒྱ་གློའི་ནད། རྨ་ངན་དུག་མཆེད་སོགས་འགོས་ནད་ཐོན་ཚད་དམའ་རུ་ཤུགས་ཆེན་བཏང་བ་རེད། ཏན་ཚྭའི་ཁྱབ་ཚད་96.56%ཟིན་ནས་ཏན་ཚྭ་མི་འདང་བའི་ནད་གཞི་རྩའི་ཆ་ནས་མེད་པ་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།