དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་དེས་བོད་ཀྱི་མི་དམངས་ལ་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་སྔར་ལས་མང་བ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་མི་འདུས་སྡོད་ཁུལ་ཉུང་ཤས་ལས་མེད། གྲོང་ཁྱེར་དང་གྲོང་རྡལ་ཡང་ལྷ་ས་དང་། ཆབ་མདོ། གཞིས་རྩེ་སོགས་འགའ་ལས་མེད་ལ་ལྷ་སའི་གྲོང་གི་རྒྱ་ཁྱོན་ཡང་སྤྱི་ལེ་ངོས་གྲུ་3ཡང་ཟིན་གྱི་མེད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་། “ཉེ་བའི་ལོ་ཤས་རིང་། བོད་ཀྱིས་འདུས་སྡོད་དང་། རིག་ནུས། སྔོ་ལྗང་། ཐཱན་ཉུང་བཅས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བར་བྱེད་པ་དང་ས་ཁུལ་གནས་ཡུལ་གྱིས་ཟུར་གྱིས་བརྒྱན་པའི་ཁར་རྫོང་མཁར་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་དྲ་བ་བཞིན་ཁྱབ་པའི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་ཅིག་ཧུར་ཐག་བསྐྲུན་པས་ཐོན་ལས་དང་མི་འབོར་གཅིག་ཏུ་འདུས་པའི་ནུས་པ་ཆེ་རུ་ཕྱིན་ཡོད ”ཅེས་འཁོད་པ་དང་། ཡང་དེའི་ནང་། 2012ལོར་བོད་ལ་གྲོང་ཁྱེར་གཉིས་དང་སྒྲིག་གཞི་ཚང་བའི་གྲོང་རྡལ་140བཙུགས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་22.75%ཟིན་ཡོད་ཅེས་གསལ།

        རྒྱབ་ཤ་དཀར་པོའི་དེབ་ནང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དེས་བོད་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་ཅིང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་། བོད་ཀྱིས་སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་འབྱེད་རྒྱ་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་ཚོང་དོན་དང་། ཕྱི་ཕྱོགས་ཉོ་ཚོང་། ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་སྐུལ་མ་ཏན་ཏིག་ཐེབས་པ་མ་ཟད། ནང་ས་དང་སྤེལ་རེས་བྱ་ཤུགས་ཆེ་རུ་སོང་ལ་འཛམ་གླིང་དང་སྦྲེལ་བ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་ཡང་ཐེབས་ཡོད། ད་ཆ་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་རའི་མ་ལག་ནང་འདྲེས་ཐུབ་པ་བྱུང་ནས་རྒྱལ་ཡོངས་དང་འཛམ་གླིང་ས་གནས་ཁག་གི་ཚོང་ཟོག་རྒྱུན་ཆད་མེད་པར་བོད་དུ་འབྱོར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དང་མི་སེར་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་ཆབས་ཅིག་བོད་ཀྱི་ཐོན་ཟོག་གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འབོར་ཆེན་ཡང་རྒྱལ་ཡོངས་ཁྲོམ་རར་འགྲོ་ཐུབ་པ་བྱུང་ཡོད་ཅེས་དང་། གཞན་ཡང་བོད་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དང་འབྲེལ་འདྲིས་ཉིན་བཞིན་དམ་དུ་འགྲོ་ཡི་ཡོད་ཅིང་། 2012ལོར་ལྗོངས་ཡོངས་ནས་ཐོན་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་འབོར་ཨ་སྒོར་དུང་ཕྱུར་4.24ཟིན་པ་དེ་1953ལོའི་ཨ་སྒོར་དུང་ཕྱུར་0.04ལས་ལྡབ་850ལྷག་ཙམ་མང་བ་ཟིན་པས་ལོར་ཆ་སྙོམས་12.1%འཕར་ཡོད་ཅེས་འཁོད་དོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།