དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • 2013 ལོའི་ལོ་མཇུག་གོང་ཞིང་འབྲོག་མང་ཚོགས་ཚང་མ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱ་རྒྱུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་2012ལོའི་ལོ་མཇུག་བར་བོད་ཀྱིས་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན། བདེ་སྡོད་ཁང་པ་ཁྲི་40.83བསྐྲུན་པ་དེས་ཞིང་འབྲོག་པའི་སྤྱིའི་དུད་གྲངས་ཀྱི་88.7%བཟུང་ཡོད། 2013ལོའི་ལོ་མཇུག་གོང་ཞིང་འབྲོག་པ་ཚང་མ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་ཐུབ་རྒྱུ་རེད། 2012ལོར་བོད་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་སྡོད་གནས་རྒྱ་ཁྱོན་དེ་སྨི་ངོས་གྲུ་28.77ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་སྡོད་གནས་རྒྱ་ཁྱོན་སྨི་ངོས་གྲུ་36.14ཟིན་ཡོད་ཅེས་འཁོད་ཡོད།

        རྒྱབ་ཤ་དཀར་པོའི་དེབ་ནང་བོད་ས་ཁུལ་དུ་ཆུ་དང་། གློག ལམ། འཕྲིན་གཏོང་། སོལ་རླངས། རླུང་འཕྲིན་དང་བཪྙན་འཕྲིན། སྦྲག་སྲིད་སོགས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་རིམ་གྱིས་འཐུས་ཚང་དུ་ཕྱིན་ཞིང་། ཤང་གྲོང་དུ་སྦྲག་སྲིད་ཤར་གཏོང་ཐུབ་ཚད་དང་། ཤང་གྲོང་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་བཅས་90%དང་། 99.7% 94.2%སོ་སོར་ཟིན་ཡོད། རིམ་རྩིས་བྱས་ན། ཞིང་འབྲོག་པ་ཁྲི་193གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། ཞིང་འབྲོག་པའི་དུད་ཚང་ཁྲི་15ཡིས་རྫབ་རླངས་ཀྱི་ནུས་རྒྱུ་གཙང་མ་སྤྱོད་ཐུབ་པ་བྱུང་བ། ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་གདལ་གཏོང་ཚད་95%ཡན་ཟིན་ཡོད་ཅེས་འཁོད་ཡོད།

        2012ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང་བརྒྱ་རེའི་གྲོང་མིའི་ཁྲོད་རླངས་འཁོར་དང་སྦག་སྦག་27དང་16སོ་སོར་ཟིན་པ་དང་འཁྱགས་སྒམ་དང་། ཚོན་ཁྲ་ཅན་གྱི་བཪྙན་འཕྲིན། གློག་ཀླད། གོས་འཁྲུད་འཕྲུལ་ཆས་བཅས་86དང་། 129 63 88བཅས་སོ་སོར་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།