དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་རང་སྐྱོང་ལྗོངས་དབུ་བཪྙེས་ཚུན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སོགས་ཁག་290བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཐེར་ནང་1965ལོར་བོད་རང་སྐྱོང་ལྗོངས་དབུ་བཪྙེས་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་290བཟོས་ཐོག་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཁག་མང་པོར་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱ་ཐབས་བཟོས་པ་རེད།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས 》གྱི་གཏན་འབེབས་ལྟར་བོད་རང་སྐྱོང་ལྗོངས་ལ་རང་སྐྱོང་དབང་ཆ་རྒྱ་ཁྱབ་ངང་ལོངས་སྤྱོད་བྱ་རྒྱུ་ཡོད་པའི་ནང་ཁྲིམས་འཛུགས་དབང་ཆ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བབ་བསྟུན་ལག་བསྟར་དབང་ཆ། མི་རིགས་སྐད་ཡིག་བེད་སྤྱོད་དབང་ཆ། མི་དོ་དམ་དབང་ཆ། ནོར་སྲིད་དོ་དམ་དབང་ཆ་བཅས་དང་དེ་བཞིན་རང་ཚུགས་ངང་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་དབང་སོགས་ཚུད་ཡོད་པ་རེད།

        རྒྱབ་ཤ་དཀར་པོའི་དེབ་ཐེར་ནས་དཔེར་བཞག་ནས་བོད་རང་སྐྱོང་ལྗོངས་ཀྱིས་1981ལོ་དང་2004ལོ་སོ་སོར་བབ་བསྟུན་སྲོལ་ཡིག་བཟོས་ཏེ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས 》ནང་གཏན་འབེབས་བྱས་པའི་ཕོ་མོའི་ཁྲིམས་གཏན་འཁེལ་བའི་གཉེན་སྒྲིག་ལོ་གྲངས་ལོ་གཉིས་དམའ་རུ་བཏང་བ་དང་འབྲེལ་བབ་བསྟུན་སྲོལ་ཡིག་ལག་བསྟར་མ་བྱས་གོང་ཆགས་པའི་ཆུང་གཅིག་ཁྱོ་མང་དང་ཁྱོ་གཅིག་ཆུང་མང་གི་གཉེན་སྒྲིག་འབྲེལ་བར་རང་འགུལ་ངང་གཉེན་སྒྲིག་འབྲེལ་བ་མེད་པ་བཟོ་བའི་རེ་འདུན་འདོན་མཁན་མེད་ཚེ་དེ་ལྟར་རྒྱུན་འཁྱོངས་བྱེད་ཆོག་པ་དང་ཡང་དཔེར་ན་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་གཏན་འཁེལ་བའི་གུང་གསེང་ཉིན་མོའི་ལམ་ལུགས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང “བོད་ཀྱི་ལོ་གསར ”དང་“ཞོ་སྟོན ”སོགས་བོད་ཀྱི་སྲོལ་རྒྱུན་དུས་ཆེན་རང་སྐྱོང་ལྗོངས་ཀྱི་གུང་གསེང་དང་དུས་ཆེན་ནང་བཅུག་ཡོད་ཅེས་བཏོན་པ་རེད། རྒྱབ་ཤ་དཀར་པོའི་དེབ་ཐེར་ལྟར་ལྗོངས་ཡོངས་ཀྱི་ལས་བྱེད་དཔུང་ཁག་ཁྲོད་བོད་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གིས་70.53%བཟུང་ཡོད་པའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས 73.03%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།