དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • 《ཀྲུང་གོ་སྲིད་གཞུང་གི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ 9 པའི་ཚེས་29 ཉིན་གནས་ཚུལ་བོར་གསལ། ཉིན་འགའི་གོང་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྩོམ་སྒྲིག་བྱས་པའི 《ཀྲུང་གོ་སྲིད་གཞུང་གི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཕྱོགས་བསྒྲིགས 》ཞེས་པ་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།

        《ཀྲུང་གོ་སྲིད་གཞུང་གི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཕྱོགས་བསྒྲིགས 》ཞེས་པའི་ནང་1992ལོ་ནས་ད་ལྟའི་བར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་བསྒྲགས་བྱས་པའི་བོད་ཀྱི་བརྗོད་བྱ་གཙོ་བོའི་རྒྱབ་ཤ་དཀར་པོའི་དེབ་༨དང་མི་རིགས་དང་ཆོས་ལུགས་གནད་དོན་གྱི་རྒྱབ་ཤ་དཀར་པོའི་དེབ་༣ཕྱོགས་བསྡུས་བྱས་ཡོད། རྒྱབ་ཤ་དཀར་པོའི་དེབ་དེ་དག་ནི་རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཞིབ་ཅིང་བདེན་པའི་གྲངས་གཞིའི་ཐོག་ནས་བོད་ནི་གནའ་སྔ་མོ་ནས་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྗོད་ཡོད་པ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིབ་པར་བརྗོད་ནས་བོད་ཀྱི་མི་དམངས་རྣམས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག་རང་ཁྱིམ་རང་བདག་གི་དབང་ཆ་ལོངས་སུ་སྤྱོད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་མངོན་པར་བྱས་ཐོག བོད་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་བོད་འབྲེལ་གནད་དོན་ཐོག་གཅིག་གྱུར་དང་ཁ་ཕྲལ། ཡར་རྒྱས་དང་ཕྱིར་བཤོལ་ལ་གཞིགས་ནས་འཐབ་རྩོད་བྱེད་པའི་ངོ་བོ་ཐེར་འདོན་གཏིང་ཟབ་བྱས་ནས། མི་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ཤེས་རྟོགས་དང་། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གྱི་ངོ་བོ་དང “བོད་ཀྱི་གནད་དོན ”ཟེར་བའི་ངོ་བོ་ཤེས་རྟོགས་ཐུབ་པར་དབང་གྲགས་ལྡན་པའི་ཡིག་ཆ་མཁོ་འདོན་བྱས་ཡོད།

     

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།