རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ནོར་བུ་དོན་གྲུབ་ནི་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་སུ་བསྐོ་གཞག་བྱ་རྒྱུ་དང་བློ་མཐུན་ཝང་རུའེ་ལེན་ནི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་ཁོང་གི་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཟླ་11ཚེས་18ཉིན་གྱི་ཕྱི་དྲོ་ཆབ་མདོ་ས་ཁུལ་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཆབ་མདོ་ས་ཁུལ་གྱི་ལས་བྱེད་པའི་གོ་གནས་བསྐོ་འཐེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་དབྱིན་ཏེ་མིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་། ཏང་ཙུའི་ཧྲུའུ་ཅི། ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་སུ་བསྐོ་གཞག་བྱ་རྒྱུ་དང་བློ་མཐུན་ཝང་རུའེ་ལེན་ནི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་ཁོང་གི་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
དབྱིན་ཏེ་མིང་གིས་ཝང་རུའེ་ལེན་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དུ་བསྐོ་འཐེན་བྱས་ཚུན་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བརྟན་ལྷིང་སྲུང་སྐྱོང་གི་རྩ་དོན་བཟོས་ཏེ “འཐབ་ཇུས་ལ་སྣང་ཆེན ”བྱ་རྒྱུ་དེ “བྱེད་ཕོད་པ ”དང་ཟུང་འབྲེལ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོ་ལེགས་སུ་གཏོང་བ་དང་ཟུང་འབྲེལ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག་ཆབ་མདོ་ས་ཁུལ་གྱི་ཁྱོན་ཡོངས་སྟངས་འཛིན་ཐུབ་པ་དང་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་བསྲིང་ངང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ། ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་དམིགས་ཚད་ཁག་མང་པོར་གྲངས་ཀའི་ཐོག་ནས་མང་དུ་དང་སྤུས་ཚད་ཐོག་ནས་འཕུར་མཆོང་ཡོང་བའི་འགན་ལེན་བྱས་པ། རིམ་ཁག་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འགྱུར་མེད་སྟོབས་ལྡན་ཡོང་བའི་འགན་ལེན་བཅས་བྱས་པས་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་ཐེབས་ཐོག་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཝང་རུའེ་ལེན་གྱིས་གནང་བའི་ཆབ་མདོའི་ལས་དོན་ཐད་ལྗོངས་ཏང་ཨུད་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད་ཅེས་བསྟན་གནང་བ་རེད།
ལས་ཀའི་དགོས་མཁོ་གཞིར་བཟུང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་། ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་གནང་རྒྱུའི་གཏན་འབེབས་བྱས་པ་རེད། གྲོལ་མ་ཐག་པའི་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ནོར་བུ་དོན་གྲུབ་འདེམས་ཤོག་ཆ་ཚང་གི་ཐོག་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་དུ་བདམས་ཡོད། བློ་མཐུན་ནོར་བུ་དོན་གྲུབ་ཀྱིས་ལོ་མང་རིང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་བཞེས་རིང་ཆབ་སྲིད་ཐོག་བྱང་ཆུབ་པ་དང་། ལས་ཀའི་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ། གཞི་རིམ་ལས་ཀའི་ཉམས་མྱོང་དང་འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། འགོ་ཁྲིད་ཀྱི་འཇོན་ཐང་ཆེ་བ་བཅས་ཡོད། ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ནོར་བུ་དོན་གྲུབ་ཀྱིས་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ནས་ས་ཁུལ་དེ་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་སྐབས་རིམ་བྱུང་གི་ས་ཨུད་ཚན་ཁག་གིས་བཏིང་བའི་ལས་ཀའི་རྨང་གཞི་བཟང་པོའི་འོག་འཕེལ་རྒྱས་དང་བརྟན་ལྷིང་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
དབྱིན་ཏེ་མིང་གིས་ཆབ་མདོ་ས་ཁུལ་གྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ནོར་བུ་དོན་གྲུབ་ཀྱིས་པན་ཀྲང་བྱས་པའི་ས་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དང་ཆབ་མདོའི་ལས་དོན་སྐོར་གྱི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “ཤུགས་ཆེར་གཏོང་དགོས་པ་དྲུག ”དོན་འཁྱོལ་བྱེད་པ། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་མདོའི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱས་ཐོག་བོད་ཤར་རྒྱུད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ནོར་བུ་དོན་གྲུབ་ཀྱིས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་ཁོང་གིས་རྩ་འཛུགས་ཀྱིས་ཕྲན་ཆབ་མདོར་ལས་ཀ་བྱེད་པར་བཏང་གནང་བ་དེ་ནི་ལྗོངས་ཏང་ཨུད་ཀྱིས་རང་ཉིད་ལ་ཐུགས་ཁུར་ཟབ་བཞེས་དང་ཡིད་ཆེས་ཧ་ཅང་ཆེན་པོ་གནང་བ་ཞིག་ཡིན་པས་ངས་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཆབ་མདོ་ས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཝང་རུའེ་ལེན་གྱིས་གསུང་བཤད་གནང་ནས་རྣམ་འགྱུར་བསྟན་པ་རེད།