དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོཌ་འདུ་ཐེངས་དང་པོ་འཚོགས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་འགོ་ཁྲིད་སྒྲིག་གཞི་གསར་པ་འདེམས་ཐོན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚེས་15ཉིན་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་འདེམས་ཐོན་བྱུང་བ་རེད།

        ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཀྲུའུ་ཞི་ཚོགས་པའི་བཀའ་མངགས་ལྟར་བློ་མཐུན་ཅིན་ཧྲུའུ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ད་ཐེངས་ཀྱི་ཚོགས་འདུར་ཕེབས་དགོས་པའི་སྒྲིག་ཨུད་ཨུ་ཡོན་35ཡོད་པ་དང་དངོས་སུ་མི་34ཕེབས་ཡོད་པས་གཏན་འབེབས་ཀྱི་མི་གྲངས་དང་འཚམས་ཡོད་པ་རེད།

        ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་འདེམས་ཐོན་བྱུང་བ་དང་ཅིན་ཧྲུའུ་པོ་དང་། འོད་ཟེར། ཀུན་དགའ། ཀྲང་ཆིའུ་ཧྲེང་། དགྲ་འདུལ། ཏུའུ་ཅན་ཝང་། ལྷག་པ་ཚེ་རིང་། ཁུང་ཡོན། ལི་ཁྲའོ་མིང་། པ་སངས་སྒྲོལ་མ། ཝང་ཀང་བཅས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འདེམས་ཐོན་བྱུང་བ་དང་། ཅིན་ཧྲུའུ་པོ་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་འདེམས་ཐོན་བྱུང་བ། འོད་ཟེར་དང་། ཀུན་དགའ། ཀྲང་ཆིའུ་ཧྲེང་། གྲ་འདུལ་བཅས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པར་འདེམས་ཐོན་བྱུང་བ་བཅས་རེད།

        གསར་དུ་འདེམས་ཐོན་བྱུང་བའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པོས་སྐབས་གསར་པའི་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཚབ་ཞུས་ཏེ་གསུང་བཤད་གནང་ཞིང་། ཁོང་གིས་སླད་ཕྱིན་གྱི་ལོ་ལྔ་ནི་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་ཧུར་ཐག་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་ཡུན་རིང་བདེ་འཁོད་ཡོང་བའི་འགག་རྩའི་དུས་སྐབས་ཤིག་དང་མུ་མཐུད་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་གལ་ཆེའི་དུས་སྐབས་ཤིག་རེད། འབྱུང་འགྱུར་ལོ་ལྔ་ལ་ཕྱོགས་སྐབས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཐད་གོ་སྐབས་གསར་པ་འཕྲད་སྲིད་ལ་འགྲན་སློང་གསར་པའང་འཕྲད་སྲིད་པས་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་དང་ལྕི་བ་ཞིག་རེད། ང་ཚོ་སྐབས་གསར་པའི་ལྗོངས་སྒྲིག་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་ཐོག་རང་ལྗོངས་ཀྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ཐད་འཕྲད་པའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་སྐབས་རིམ་བྱུང་གི་ལྗོངས་སྒྲིག་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་བཏིང་བའི་རྨང་གཞི་བཟང་པོར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་མཐུན་སྒྲིལ་དམ་ཟབ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་རྣམ་པ་གསར་པ་བཏོད་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་མ་ཧུར་ཐག་བཏང་ཐོག་ལྗོངས་ཡོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

        ཅིན་ཧྲུའུ་པོ་ཡིས་ངེས་པར་དུ་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྒྲིག་བཤེར་ལས་བྱེད་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་སྐབས་གནང་བ

        འི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ། རུལ་རྒོལ་གཙང་སྤེལ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་དགོངས་དོན་གྱི་ངོ་བོ་གོ་བ་ལེན་པ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་ཏན་ཏིག་སྒྲུབ་ཐུབ་རྒྱུར་སྣེ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་དགོས། ལས་འགན་གསལ་པོ་ཡོང་བ་བྱེད་པ་དང་ཁྱོན་ཡོངས་ལ་དམ་འཛིན་བྱས་ནས་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་དབྱང་གིས་བཏོན་གནང་བའི་གལ་ཆེའི་བཀོད་སྒྲིག་ལ་ངོས་འཛིན་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་ལས་དོན་ཁག་དང་ལྷག་པར་དུ་རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བཏོན་པའི་ཁ་གསལ་བླང་བྱར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་ལྗོངས་སྒྲིག་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྲིད་གཞུང་གི་བཀའ་རྒྱ་ཐོགས་མེད་ཡོང་བའི་འགན་ལེན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་དང་ལྗོངས་ཏང་ཨུད་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་གཉིས་ཀྱི་འབྲེལ་མཚམས་དང་འཇུག་སྒོ་གནད་ལ་འཁེལ་བའི་ངང་འཚོལ་ཐུབ་པ་བྱས་ཏེ་འགན་འཁྲིའི་ངེས་གནས་གསལ་པོ་ཡོང་བ་དང་འགན་ནུས་འདོན་སྤེལ་བྱས་ནས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

        ཅིན་ཧྲུའུ་པོས་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱི་སྣེ་འཁྲིད་དེ་ཏང་གི་སྒྲིག་ཡིག་ཐོག་བཀོད་པའི་འགན་འཁྲི་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་ལེན་བསྟར་བའི་ལས་དོན་ཡག་པོ་བསྒྲུབས་ནས་རུལ་སུངས་ལ་ཉེས་ཆད་གཅོད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། རུལ་སུངས་སྔོན་འགོག་གི་ལས་དོན་ཁག་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་འཛུགས་སྐྱོང་དང་སྒྲིག་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་བར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།