སྲི་ཐར་རྡོ་རྗེའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནག་ཆུ་ས་ཁུལ་ལས་དོན་ཨུ་ལྷན་གྱི་དྲུང་ཆེའི་གོ་གནས་འཐེན་རྒྱུ་དང་།
བཀྲ་ཤིས་ཕུན་ཚོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནག་ཆུ་ས་ཁུལ་ལས་དོན་ཨུ་ལྷན་གྱི་དྲུང་ཆེར་བསྐོ་གཞག་བྱ་རྒྱུ་དང་།
ཚེ་དབང་འཇིགས་མེད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཉིང་ཁྲི་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱ་རྒྱུ།
རིན་ཆེན་ནོར་བུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཆབ་མདོ་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱ་རྒྱུ།
ཁྲེན་ཡུན་ཅན་གྱི་ཆབ་མདོ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་དང་པོའི་ཐིང་ཀྲང་གི་གོ་གནས་འཐེན་རྒྱུ་དང་།
མིག་དམར་ཚེ་རིང་གི་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་གཉིས་པའི་ཐིང་ཀྲང་གཞོན་པའི་གོ་གནས་འཐེན་རྒྱུ།
ཁྲེན་ཡུན་ཅན་ཆབ་མདོ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་།
ནོར་བུ་ཚེ་རིང་ཉིང་ཁྲི་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་གྱི་ཨུ་ཡོན་ལ་བསྐོ་བཞག་བྱ་རྒྱུ།
ལི་སི་ཧྥུའུ་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པར་བསྐོ་གཞག་བྱ་རྒྱུ།
ཤཱ་ཞའོ་ལན་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལྷོ་ཁ་ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས་འཐེན་རྒྱུ་དང་།
བཀྲ་ཤིས་དབང་འདུས་ཀྱིས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་ལས་གནས་དགོངས་ཞུ་བྱེད་པར་ཆོག་མཆན་སྤྲོད་རྒྱུ།
སྐལ་བཟང་ཚེ་རིང་པ་སྣམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བསྐོ་གཞག་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ་བཅས་རེད།