དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • གསར་དུ་བདམས་ཐོན་བྱུང་བའི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

         བློ་མཐུན་སྐལ་བཟང་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས།   

        སྐལ་བཟང་ཚེ་རིང་། ཕོ། བོད་རིགས། 1955ལོའི་ཟླ་ 12 པར་སྐྱེས (ལོ་ 55)བོད་ལྗོངས་ཨ་མདོའི་མི་ཡིན་པ། 1974 ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1975 ལོའི་ཟླ་ 8 པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

        ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་དང་། གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད།

        1971.11—1975.08བོད་ལྗོངས་དགེ་འོས་སློབ་གྲྭའི་རྒྱའི་སྐད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱས།

        1975.08—1976.11བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་བྱས།

        1976.11—1979.12ཀྲུང་དབྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་བོད་སྐད་ཡིག་ཡིག་སྒྱུར་ཆེད་ལས་སློབ་སྦྱོང་བྱས།

        1979.12—1981.04བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རིག་སློབ་ཅུས་སུ་ལས་ཀ་བྱས།

        1981.04—1984.04བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རིག་སློབ་ཅུས་སློབ་གསོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བྱས།

        1984.04—1987.04བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།

        1987.04—1995.03བོད་རང་སྐྱོང་ལྗོངས་ཤན་རྩ་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས། (དེའི་རིང་ 1991.09—1992.07 ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་བོད་ལྗོངས་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས )

        1995.03—1995.12 བོད་རང་སྐྱོང་ལྗོངས་སོག་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།

        1995.12—1996.07 བོད་རང་སྐྱོང་ལྗོངས་སོག་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱས།

        1996.07—1998.05 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཨུ་ཡོན་དང་། སོག་རྫོང་ཨུད་ཀྱི་ཧྲུའུ་ཅི། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་བྱས།

        1998.05—2000.09 བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས། (དེའི་རིང་ 1999 .03 — 1999 .07 ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རུ་སློབ་སྦྱོང་བྱས )

        2000.09—2003.01 བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།

        2003.01—2004.02 བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་འཆར་གཞི་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བྱས།

        2004.02—2006.12 བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བྱས། (2002 .09 — 2004 .07 སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་བྱས )

        2006.12 — 2008.01 བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས།

        2008.01 — བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་དང་། གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས།

    བློ་མཐུན་ཏུང་མིང་ཅུན་གྱི་ལོ་རྒྱུས་མདོར་བསྡུས།

        ཏུང་མིང་ཅུན། ཕོ། རྒྱ་རིགས། 1962ལོའི་ཟླ་5པར་སྐྱེས། (ལོ་48)ཧྲན་ཏུང་ཧྲོའུ་ཀོང་གི་མི། 1983ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1983ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

        ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་དང་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད།

        1979.09—1983.08 ཧྲན་ཏུང་གཏེར་ལས་སློབ་གླིང་གཏེར་རིའི་འཛུགས་སྐྲུན་ཚན་ཁག་ཏུ་གཏེར་ཁྲོན་འཛུགས་སྐྲུན་ཆེད་ལས་སློབ་སྦྱོང་བྱས།

        1983.08—1987.09 བོད་རང་སྐྱོང་ལྗོངས་བཟོ་ལས་ཐིང་མཐོ་དམའི་རྡོ་སོལ་གཏེར་ཁུལ་གྱི་ལག་རྩལ་པ་བྱས།

        1987.09—1989.01 བོད་རང་སྐྱོང་ལྗོངས་བཟོ་ལས་གློག་ཤུགས་ཐིང་གཞུང་དོན་ཁང་གི་ཁོའོ་ཡོན་བྱས།

        1989.01—1991.07 བོད་རང་སྐྱོང་ལྗོངས་བཟོ་ལས་གློག་ཤུགས་ཐིང་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བྱས།

        1991.07—1992.11 བོད་རང་སྐྱོང་ལྗོངས་བཟོ་ལས་གློག་ཤུགས་ཐིང་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་བྱས།

        1992.11—1994.07བོད་རང་སྐྱོང་ལྗོངས་བཟོ་ལས་གློག་ཤུགས་ཐིང་འཆར་འགོད་འཛུགས་སྐྲུན་ཁྲུའི་ཁྲུའུ་ཀྲང་གཞོན་པ་བྱས།

        1994.07—1996.11བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དྲུང་ཡིག་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་བྱས།

        1996.11—2001.08བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བྱས། (དེའི་རིང་1997.09—1998.01ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རུ་སློབ་སྦྱོང་བྱས། 2001.03—2001.06རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས )

        2001.08—2006.06བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་བྱས། (2000.08—2002.12ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་འགོ་ཁྲིད་ལས་བྱེད་པའི་འཕྲིན་བརྒྱུད་དངོས་གཞིའི་ཚན་ཁག་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས། 2003.03—2004.01ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་རུ་ལོ་གཅིག་ལམ་ལུགས་ཀྱི་དར་གཞོན་འཛིན་གྲྭར་སློབ་སྦྱོང་བྱས། 2004.03—2006.02ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་རིག་པའི་ཆེད་ལས་སློབ་སྦྱོང་བྱས )

        2006.06—2006.07བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བྱས།

        2006.07—2008.01བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས།

        2008.01—བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་དང་ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།