བློ་མཐུན་ཆེ་དགྲ་ལྷའི་ལོ་རྒྱུས་མདོར་བསྡུས །
ཆེ་དགྲ་ལྷ། སྐྱེས་པ། བོད་རིགས། 1958ལོའི་ཟླ་8པར་སྐྱེས (ལོ་52)ཡུན་ནན་སེམས་ཀྱི་ཉི་ཟླའི་མི་ཡིན། 1982ལོའི་ཟླ་5པར་ཏང་ལ་ཞུགས། 1979ལོའི་ཟླ་12པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རིམ། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་བཅས་ཀྱི་འགན་བཞེས་མུས།
1979.12—1983.04 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་འབའ་ལུང་ཀུང་ཧྲེའི་སྡེ་ཚོགས་ཧྲུའུ་ཅི་དང་གཞོན་ནུ་ལས་བྱེད་པ་བྱས།
1983.04—1984.08 གུང་གཞོན་སྡེ་ཚོགས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
1984.08—1986.08 ཡུན་ནན་ཞིང་ཨུད་ཏང་སློབ་ཆེད་ཚན་སློབ་ཆེན་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས།
1986.06—1988.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་ཨུད་ཏང་སློབ་ཀྱི་སློབ་སྤྱི་བྱས།
1988.06—1990.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། དྲིལ་བསྒྲགས་པུའུ་ཀྲང་། རྫོང་ཨུད་ཏང་སློབ་ཀྱི་སློབ་སྤྱི་གཅིག་ལྕོགས་བྱས། (1989.08)
1990.06—1994.08 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱས།
1994.08—1996.03 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས (དེའི་རིང་ 1995.09—1995.12བར་ཡུན་ནན་ཞིང་ཨུད་ཏང་སློབ་ཀྱི “གཞི་རྩ་གསུམ ”གྱི་སྦྱོར་བརྡར་འཛིན་གྲྭར་སློབ་སྦྱོང་བྱས )
1996.03—2000.02 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས། (1995.08—1997.12བར་ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་སྲིད་ཁྲིམས་ཆེད་ལས་ཀྱི་དངོས་གཞིའི་འཛིན་གྲྭར་སློབ་སྦྱོང་བྱས།
1996.09—1998.07བར་ཡུན་ནན་མི་རིགས་སློབ་གླིང་དཔལ་འབྱོར་དོ་དམ་ཚན་ཁག་ཏུ་མི་རིགས་རིག་གནས་དང་མི་རིགས་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས )
2000.02—2001.03 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།
2001.03—2001.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ཀྲང་གཞོན་པ། ཀྲོའུ་ཀྲང་ལས་ཚབ། རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།
2001.06—2007.02 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ཀྲང་བྱས (དེའི་རིང་ 2003.08— 2003.12བར་ནོར་སྲིད་པུའུ་རྒྱལ་མཛོད་སིའི་སི་ཀྲང་གཞོན་པར་གནས་སྦྱར་བྱས )
2007.02—2007.05 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་དང་ཀྲོའུ་ཀྲང་བྱས།
2007.05—2010.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས། (2006.01—2008.01བར་ཀྲུང་དབྱང་ཏང་སློབ་ཀྱི་ཁྲིད་སྟོན་དགེ་རྒན་ལམ་ལུགས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས )
2010.06—2010.09 ཡུན་ནན་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་བྱས།
2010.09—2011.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་བྱས།
2011.01—བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་བཅས་བྱས།
བློ་མཐུན་པད་མ་ཚེ་དབང་གི་ལོ་རྒྱུས་མདོར་བསྡུས།
པད་མ་ཚེ་དབང་། སྐྱེས་པ། བོད་རིགས། 1950ལོའི་ཟླ་12པར་སྐྱེས (ལོ་60)བོད་ལྗོངས་ཉིང་ཁྲིའི་མི་ཡིན། 1972ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1969ལོའི་ཟླ་2པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་རིམ། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་གྱི་་འགན་བཞེས་མུས།
1969.02—1973.12 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་བྲག་ཡིབ་ཆུས་གོང་གྲོས་ཤང་གི་དྲུང་ཡིག་དང་ཆུས་ནོར་དཔལ་འབྲུ་རིགས་ལས་ཁུངས་ཀྱི་ལས་བྱེད་པ་བྱས།
1973.12—1975.04 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་བྲག་ཡིབ་ཆུས་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
1975.04—1977.08 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱས།
1977.04—1981.12 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྫོང་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱས།
(1976.10—1978.06བར་ཀྲུང་དབྱང་མི་རིགས་སློབ་གླིང་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས། 1980.03—1980.07བར་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཞིང་འབྲོག་ཆེད་ལས་སློབ་སྦྱོང་བྱས )
1981.12—1987.12 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པ་བྱས (དེའི་རིང་1983.09—1986.07བར་ཀྲུང་དབྱང་ཏང་སློབ་ཟབ་སྦྱོང་པུའུ་བོད་ལྗོངས་མི་རིགས་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས )
1987.12—1990.05 བོད་རང་སྐྱོང་ལྗོངས་ཉིང་ཁྲི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བྱས།
1990.05—1992.12 བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱས།
1992.12—1995.12 བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཨུད་ཀྱི་ཨུ་ཡོན་དང་སྲིད་ཧྲུའི་ཀྲོན་ཡོན་གཞོན་པ་བྱས (དེའི་རིང་1994.05—1994.11བར་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཀྱི་ཆུས་ཀྲང་ལས་རོགས་སུ་གནས་སྦྱར་བྱས )
1995.12—1997.11 བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་བྱས། (1996.09—1997.07 བར་ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭར་སློང་སྦྱོང་བྱས )
1997.11—1998.07 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བྱས།
1998.07—2001.08 བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བྱས (དེའི་རིང་1996.06—1997.07བར་ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་སློབ་སྦྱོང་བྱས )
2001.08—2005.07 བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བྱས།
2005.07—2011.01བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱས།
2011.01—བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཨུ་ཡོན་བྱས།