བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་དགུ་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་དུས་དཀྱིལ་དཔྱད་དཔོག་སྙན་ཞུ 》གསན་ནས་གྲོས་ཞིབ་གནང་བ་རེད། 2010 ལོར་སླེབས་སྐབས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང (GDP)སྒོར་དུང་ཕྱུར་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ལས་བྱུང་བའི་ཤི་ཚད་དེ་ 2005 ལོ་ལས་ 45%ཆགས་པ་བྱེད་རྒྱུ་དང་བཟོ་གཏེར་ཚོང་ཟོག་གྱི་ལས་ཞུགས་མི་སྣ་ཁྲི་བཅུ་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ལས་བྱུང་བའི་ཤི་ཚད་དེ་2005 ལོ་ལས་39%ཆག་པ་བྱེད་རྒྱུ་འདི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དུ་འཛིན་ནས 《བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད 》ནང་འཇུག་རྒྱུའི་སྐོར་གྱི་བསམ་གྲོས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱེད་རྒྱུ་ཡིན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གོ་གནས་བསྐོ་འཐེན་མཚན་ཐོ།
(2009 ལོའི་ཟླ་ 3 ཚེས་ 26 ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ )
ཧྥུ་ཡོན་ཀྲེ་ཡི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ།
བཀྲ་ཤིས་ཀྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་་ནག་ཆུ་ཡན་ལག་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིབ་དཔྱོད་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
ཀྲང་ཡུན་ཁོའེ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་བྱེད་རྒྱུ།
ཤང་ཅིན་ཁྲན་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་བྱེད་རྒྱུ།
པ་སངས་རྡོ་རྗེ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་བྱེད་རྒྱུ།