དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ས་དགའ་རྫོང་གི་ཏང་ཡོན་རིགས་དབྱེ་གསོ་སྦྱོང་རྒྱུན་གཏན་ཅན་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

    ཉེ་བའི་ལོ་ཤས་རིང་ས་དགའ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་གསོ་སྦྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་།  གསོ་སྦྱོང་བྱེད་སྟངས་གསར་གཏོད།  གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་།  ཏང་ཡོན་གསར་པ།  ཞིང་འབྲོག་པ་ཏང་ཡོན།  ཏང་གི་ལས་དོན་པ་སོགས་ཏང་ཡོན་རིགས་དབྱེ་གསོ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་ཅན་དུ་གྱུར་པ་དང་སློབ་སྦྱོང་བྱེད་པ་ནས་ལག་ལེན་བསྟར་བའི་བར་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་ཡོད་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་ཆེན་ཐོན་པའི་གྲོང་དཔོན་ཏང་ཡོན་གསོ་སྦྱོང་བྱེད་པའི་ཐད་རྫོང་དེས་གཅིག་སྡུད་ཐོག་གསོ་སྦྱོང་བྱ་རྒྱུ་གཙོ་གནད་དང “ལྷག་བསམ་གསུམ ”དང “དགོས་པ་ལྔ ”གསོ་སྦྱོང་གི་དམིགས་ཡུལ་དུ་བྱས་ནས་གསོ་སྦྱོང་གི་དུས་ཚོད་ཉིན་བདུན་ལས་མི་ཉུང་བ་བྱེད་ཀྱི་ཡོད་པ་རེད།  གསོ་སྦྱོང་གི་ནང་དོན་ཐད་ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་དམ་པོར་དམིགས་ཏེ “མངོན་གསལ་ལྔ ”མངོན་འགྱུར་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་།  ཆབ་སྲིད་ལག་བསྟར་ནུས་པ།  ཕྱུག་འགྱུར་སྣེ་ཁྲིད་ནུས་པ།  མི་དམངས་ནང་ཁུལ་གྱི་འགལ་ཟླ་སེལ་བའི་ནུས་པ་སོགས་ཆེ་རུ་གཏོང་གི་ཡོད་པ་རེད།  2013ལོར་རྫོང་དེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང “ཧྲུའུ་ཅི་དང་པོ ”མི་ཐེངས་114དང་སློབ་ཆེན་ཐོན་པའི་གྲོང་དཔོན་ཏང་ཡོན་མི་ཐེངས་36གསོ་སྦྱོང་བྱས་པ་རེད།

    དེ་སྔོན་ཞིང་འབྲོག་པ་ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་སྐབས་ཐར་ཐོར་དང་མཉམ་ཤུགས་མི་ཆགས་པའི་གནས་ཚུལ་ལ་དམིགས་ནས་ས་དགའ་རྫོང་གིས་གསོ་སྦྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སྡེ་ཚན་མང་པོ་ལས་གྲུབ་པའི་གསོ་སྦྱོང་གི་གྲོས་མོལ་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ “དགོས་མཁོ་གང་ཞིག་ཡོད་ཚེ་དེ་གཙོ་གནད་དུ་གསོ་སྦྱོང་བྱེད་པའི ”རྩ་དོན་གཞིར་བཟུང་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་པ་རེད།  དུས་མཚུངས་ཞིང་འབྲོག་པ་ཏང་ཡོན་གྱིས་སློབ་སྦྱོང་བྱས་པའི་ཤེས་བྱ་ལག་ལེན་དངོས་ཀྱི་ཁྲོད་བེད་སྤྱོད་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་ལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཡོང་འབབ་འཕར་བ་བྱེད་རོགས་བྱེད་ཀྱི་ཡོད་པ་རེད།  མིག་སྔའི་བར་ཞིང་འབྲོག་པ་ཏང་ཡོན་ཁྱོན་མི་ཐེངས་2000ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།