དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཇི་ལྟར་བྱས་ནས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གོང་བུ་འགྲིལ་ཤུགས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་དང་འཕུར་མཆོང་ལྟ་བུའི་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་འཕྲད་པ་དང་ཐག་གཅོད་ཧུར་ཐག་བྱེད་དགོས་པའི་གནད་དོན་ཞིག་རེད།
ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་པ་དང་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོ་སྣང་ཆེན་པོ་དང་། སློབ་གསོ་དང་དོ་དམ་ལ་དོ་སྣང་ཆེན་པོ། སེམས་ཁུར་དང་དགའ་གཅེས་ལ་དོ་སྣང་ཆེན་པོ་བཅས་བྱས་པ་དང་། གཞི་རིམ་ཏང་འཛུགས་ལས་དོན་གྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ་དང་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་འགྲོ་གྲོན་གཏོང་ཚད་མང་དུ་བཏང་ནས་གཞི་རིམ་ཏང་འཛུགས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ན་ནིང་ལོ་མཇུག་བར་རང་ལྗོངས་སུ་གཞི་རིམ་ཏང་རྩ་འཛུགས་14865དང་ཏང་ཡོན་ཁྲི་28ལྷག་ཙམ་ཡོད་པ་རེད། རྩོམ་སྲོལ་བབ་ཆགས་དང་ཚོགས་སྲོལ་དངོས་སྒྲུབ་རིམ་བཞིན་ཆགས་པ་དང་། གཞུང་དོན་སྣེ་ལེན་དེ་བས་ཚད་ལྡན་བྱུང་བ། རྒྱས་གཤོམ་དང་། གཞུང་དངུལ་བཏང་ནས་ཟ་འཐུང་བྱེད་པ། གཞུང་འཁོར་སྒེར་སྤྱོད། གཞུང་དོན་ཁང་པ་ཚད་ལས་བརྒལ་ནས་བཟུང་བ་སོགས་ཀྱི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ། འགོ་ཁྲིད་པ་བརྟག་ཞིབ་དང་འདྲི་རྩད་བྱེད་པར་བསྐྱོད་དེ་དམངས་ཆེད་བྱ་བ་སྒྲུབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སོགས་དེང་སྐབས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་རང་གཅུན་གྱི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་དང་། ལས་ཀའི་སྤྱོད་ཚུལ་དེ་བས་ཏན་ཏིག་ཡོད་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཉེ་རུ་ཕྱིན་པ། སྤྱོད་ཚུལ་དྲང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་དེ་བས་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
ན་ནིང་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བར་བརྟེན་ཏང་ཡོན་ལས་བྱེད་པའི་བསམ་བློའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། སྤྱོད་ཚུལ་སྔར་བས་འགྱུར་ལྡོག་ཕྱིན་པ། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་བཅས་ཀྱི་གཟུགས་བརྙན་སྔར་བས་འཛུགས་ཐུབ་པ་བྱུང་བ་བཅས་རེད། དེ་དང་དུས་མཚུངས་རང་ལྗོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་ཁྱབ་པར་བྱས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཅིག་སྡུད་ཐོག་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། ཆེད་དོན་ཟུར་ཁྲིད། སྤེལ་རེས་བགྲོ་གླེང་། བཞུགས་མོལ་གྲོས་བསྡུར་སོགས་ཀྱི་རྣམ་པ་སྤྱད་དེ་ཕུགས་བསམ་གྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་པ་རེད།
གཞི་རིམ་རྩ་འཛུགས་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དུ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་དང་འབྲེལ་བ་ཡོད་པ། ཏང་ཡོངས་ཀྱི་གོང་འོག་གིས་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་རེད། 2013ལོ་ནས་བཟུང་རང་ལྗོངས་ཀྱིས་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། རྩ་འཛུགས་འཛུགས་སྟངས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་མི་དམངས་མང་ཚོགས་རྣམས་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་པ་དང་ཏང་གི་གཞི་རིམ་རྩ་འཛུགས་མ་ལག་འཛུགས་སྐྱོང་སྔར་བས་འཐུས་ཚང་དུ་བཏང་ནས་ཏང་གི་རྩ་འཛུགས་དང་ལས་ཀའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་མི་སྣས “2013ལོ་ནས་བཟུང ‘གྲོང་ཚོ་རེར་ཀྲི་པུའུ་རེ ’དང ‘སྡེ་ཁུལ་རེར་ཀྲི་པུའུ་རེའི ’འདུ་འགོད་ལག་བསྟར་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་གྲོང་ཚོ་(སྡེ་ཁུལ )5464ཚང་མར་ཏང་རྩ་འཛུགས་བཙུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་གསར་འཛུགས་བྱ་རྒྱུ་གསར་གཏོད་དང་བཟང་སྒྲིག་ཧུར་ཐག་བྱས་པ་དང ‘གཉིས་ལྡན་དུད་སྦྲེལ ’དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས། ཕྱི་ཕྱོགས་སུ་ལས་ཀ་དང་ཚོང་རྒྱག་པར་འགྲོ་མཁན་མང་ཆེ་བའི་ས་ཆར་ཏང་རྩ་འཛུགས་བཙུགས་པ། ཁྲོམ་གཞུང་དང་སྡེ་ཁུལ་དུ་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་བ་བཅས་རེད ”ཅེས་ངོ་སྤྲོད་བྱས་པ་རེད།
གཞི་རིམ་ཏང་ཡོན་རྣམས་མང་ཚོགས་དང་ཐག་ཉེ་ཤོས་སུ་གནས་པ་དང་ཁོང་ཚོ་ནི་ཏང་གིས་མང་ཚོགས་དང་མཐུན་སྒྲིལ་བྱེད་པ་དང་། མང་ཚོགས་སྒྲིག་འཛུགས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བཅས་བྱེད་པའི “མཁོ་མཁན་ཕྱོགས ”ལྟ་བུ་ཡིན་ལ་ཏང་གིས་དམངས་འདུན་ཤེས་རྟོགས་དང་། དམངས་སེམས་ཐོབ་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་བཅས་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡང་ཡིན། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་ཏང་ཡོན་གྱི་སྟོབས་ཤུགས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་དང་། སློབ་གསོ་དོ་དམ་ལ་མཐོང་ཆེན། སེམས་ཁུར་དང་དགའ་གཅེས་བྱ་རྒྱུར་མཐོང་ཆེན་བཅས་བྱེད་པ་ནས་འགོ་བཙུགས་ཏེ་ཏང་ཡོན་འཕེལ་རྒྱས་དང་སློབ་གསོ་དོ་དམ་གྱི་ལས་དོན་དམ་འཛིན་ནན་པོ་བྱེད་པ་དང་། དད་སེམས་བརྟན་པ་དང་། བྱང་ཚད་ལེགས་པ། གཞི་ཁྱོན་འཚམ་པ། གྲུབ་ཆ་ལུགས་མཐུན། སྒྲིག་ཁྲིམས་དམ་པ། ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྲུན་ཧུར་ཐག་བྱས་པ་རེད།
དེ་དང་དུས་མཚུངས་རང་ལྗོངས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་བཟོས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་རྣམ་འགྱུར་ལ་རྟོག་ཞིབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ནས་ཆ་རྐྱེན་འཛོམས་རིམ་བཞིན་འཕེལ་རྒྱས་བཏང་ནས་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་བྱས་པ་རེད། ཏང་ནང་ཁུལ་གྱི་སྐུལ་ལྕག་ཐུགས་ཁུར་རོགས་རམ་གྱི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཏང་ཡོན་ལ་ལྷད་མེད་བརྩེ་སེམས་བཅངས་ནས་ཐུགས་ཁུར་དང་། སེམས་གཏིང་ནས་དགའ་གཅེས། ཟོལ་མེད་རོགས་རམ་བཅས་བྱས་ཏེ་ཏང་ཡོན་གྱི་གཏོགས་སེམས་དང་། འགན་འཁྲིའི་སེམས་པ། གཟི་བརྗིད་སེམས་པ་བཅས་ཆེ་རུ་བཏང་བ་རེད།
སེམས་ནུས་བསྡུས་ཏེ་འཕེལ་རྒྱས་དོན་གཉེར་བྱེད། ཏང་དར་མཐོན་པོར་བསྒྲེངས་ནས་ལེའུ་གསར་པ་རྩོམ། དམར་མདངས་བཀྲ་བའི་ཏང་དར་གྱི་ཁྲིད་སྟོན་འོག་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་དང་ལག་ལེན་བྱེད་པ་དང་བསྟུན་ནས་གངས་ལྗོངས་ས་མཐོར་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་རྣམ་པ་ཞིག་ཆེས་ཆེར་མངོན་ཡོད་པ་རེད།