བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སྙན་རོང་རྫོང་གིས་ཁག་དང་པོའི་གྲོང་ཚོའི (གྲོང་ལྷན )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོང་ཚོའི (གྲོང་ལྷན )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་གི་ཁོངས་མིའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་ཆེད། སྙན་རོང་རྫོང་གིས་གསོ་སྦྱོང་ལས་ཀའི་ཇུས་གཞི་དམིགས་སུ་བཟོས་པ་དང་འབྲེལ་ཧྲེན་ཧྭ་ཚོགས་པ་དང་སྙན་རོང་རྫོང་གི་ནོར་སྲིད་མ་དངུལ་སྒོར་ཁྲི་40ལྷག་ཙམ་བསྡུ་སྒྲིལ་བྱས་ནས་སློབ་མར་དུས་ཡུན་ཉིན་7གྱི་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་རྟོག་ཞིབ་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་འཛིན་གྲྭའི་ཐོག་སྦྱོང་བརྡར་ནང་ཞུགས་མཁན་སློབ་མས་སློབ་སྦྱོང་ནན་ཏན་དང་སློབ་ཚན་ཡག་པོ་ཉན་པ་དང་བསམ་གཞིག་ཧུར་ཐག་དང་བསམ་ཕྱོགས་གསལ་བཟོ་བྱས་ཏེ་གྲོང་ཚོའི (གྲོང་ལྷན )ལས་བྱེད་པའི་མང་ཚོགས་ཁྲོད་ཀྱི་ནུས་པ་གང་ཡོད་འདོན་སྤེལ་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་ཀྱིན་བསམ་གཞིག་བྱས་ཏེ་རང་ངོས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་འབྲོག་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ལས་ཀའི་ནུས་པ་ཆེ་རུ་བཏང་ཐོག་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།