དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རིག་པ་དྭངས་གསལ་བྱུང་ན་གཞི་ནས་གདེང་ཚོད་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  ལིའུ་ཆན་རུའུ་ཡིས།   |     སྤེལ་དུས།  2015-05-09

        ཀྲི་པུའུ་གཅིག་འཛུགས་པར་ཧྲུའུ་ཅི་ཡག་པོ་ཞིག་དགོས་པ་ནི་དགོས་གལ་ཆེ་ཤོས་ཤིག་རེད། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པ་ཡག་པོ་ཞིག་ཇི་ལྟར་བྱེད་དགོས་སམ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་མང་པོ་ཞིག་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་དང་སྤེལ་རེས་བྱེད་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས་པའི་ཐད་ལ་་གོ་བ་གསལ་པོ་ལོན་ཡོད། “ཇི་ལྟར་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱ་རྒྱུའི་རིག་པ་སྔར་བས་དྭངས་གསལ་བྱུང་ནས་སླད་ཕྱིན་མང་ཚོགས་ལས་དོན་སྤེལ་རྒྱུར་གདེང་ཚོད་སྔར་བས་ཆེན་པོ་བྱུང ”ཞེས་པ་ནི་ལྗོངས་ཡོངས་ཀྱི་དུས་ཐེངས་དང་པོའི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་འགོ་ཁྲིད་པས་འཛིན་པའི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་ཞིག་རེད།

        ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་ལྷག་པར་དུ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་དཔུང་ཁག་འཛུགས་སྐྲུན་ལ་མཐོང་ཆེན་པོ་བྱས་པའི་ཐོག་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་པ་དང་གཞི་ཁྱོན་ཆེ་བའི་རེས་མོས་གསོ་སྦྱོང་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་གཞི་རིམ་རྐང་འཛིན་དཔུང་ཁག་ཅིག་བཙུགས་ཡོད།

        གཅིག་སྡུད་གསོ་སྦྱོང་བྱས་པ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་བྱེད་པའི་ཏང་ལ་འཆང་བའི་བརྩེ་སེམས་སྔར་བས་ཟབ་ཏུ་སོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་བརྟན་དུ་སོང་བ། བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ། གཞི་རིམ་གྱི་ལས་དོན་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད།

        ཏང་གི་འདུ་ཤེས་སྔར་བས་ཟབ་ཏུ་སོང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་གྱི་ཏང་གི་སྲིད་ཇུས་ཁག་སློབ་སྦྱོང་བྱས་པ་དང་གནད་དོན་བཏོན་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད། གྲོང་ཚོའི་ལས་བྱེད་པར་བསམ་བློའི་སྦྱོང་བརྡར་ཐེངས་གཅིག་ཐེབས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་སོང་བ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་སྔར་བས་བརྟན་དུ་སོང་བ། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་སྔར་བས་ཟབ་ཏུ་སོང་ཡོད། རྒྱ་ཆེའི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པས་རང་རེའི་རྒྱལ་ཁབ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པ་དང་། བཅའ་ཁྲིམས་ལ་བཙན་གནོད་བྱ་མི་རུང་བ། ཁྲིམས་ལུགས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ། སྣེ་ཁྲིད་ནས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་གསལ་པོ་བྱུང་ཡོད་ལ་རང་འགན་གཙང་སྒྲུབ་ཀྱི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་སོང་ཡོད། གཅིག་སྡུད་གསོ་སྦྱོང་བརྒྱུད་སྲིད་ཇུས་མང་པོ་ཞིག་ཤེས་པ་དང་ལས་དོན་སྤེལ་སྟངས་ཡག་པོ་ཁོང་དུ་ཆུད་ནས་རང་འགན་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་བྱེད་པའི་རང་ཉིད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་སོང་ཡོད།

        གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པ་གསོ་སྦྱོང་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བརྟན་པོ་ཞིག་བཏིང་ཞིང་། རྨང་གཞི་བརྟན་པོ་མེད་ན་ས་གཡོ་ལ་རི་འགུལ་རྒྱུ་རེད། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས་ཞེས་པ་ཞིབ་པར་བརྗོད་ན་གཞི་རྩར་དམ་འཛིན་དང་། རྨང་གཞིར་དམ་འཛིན། འགག་རྩར་དམ་འཛིན། ཡུན་རིང་དམ་འཛིན་བཅས་བྱེད་དགོས་པ་དེ་རེད། འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་པོ་ཞིག་ཡོང་བ་བྱེད་དགོས་ན། ངེས་པར་དུ་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གཙོ་བོར་བྱས་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱས་ཏེ་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གཉིས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་དང་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་རྐང་འཛིན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དེ་འདྲ་བྱུང་ན་རང་ལྗོངས་འཕེལ་རྒྱས་གཏོང་བའི་ལས་དོན་དེ་རྨང་གཞི་བརྟན་པོ་ཞིག་གི་སྟེང་དུ་སྤེལ་ཐུབ།

        འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་དུ་གཏོང་རྒྱུ་དང་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་རེད། ཁྱོན་ཡོངས་ནས་བལྟས་ན། རང་ལྗོངས་ཀྱི་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་པོ་མེད་པ་དང་། རིག་གནས་དང་། སྲིད་ཇུས། རིགས་པའི་གཞུང་ལུགས་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་དམའ་བ། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཞུགས་པའི་གོ་སྐབས་ཉུང་ཉུང་རེད། གསོ་སྦྱོང་བྱས་པ་བརྒྱུད་གྲོང་ཚོའི་ལས་བྱེད་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་པ་དེའི་ཐོག་ནས་གྲོང་ཚོའི་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོང་ཚོའི་ལས་བྱེད་པའི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ། ལྷག་པར་དུ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། ཁྲིམས་ལྟར་སྲིད་འཛིན་པ། ཁྲིམས་ལུགས་ལྟར་དོ་དམ་བྱེད་པའི་གྲོང་ཚོའི་ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ནི་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་ཞིག་ཡིན་པ་མཐོང་ཐུབ།

        འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་བརྟན་དུ་གཏོང་རྒྱུ་དང་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་རྒྱུ་ནི་འགག་རྩ་རེད། གསོ་སྦྱོང་བྱེད་སྐབས་དྲང་ཕྱོགས་ཀྱི་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་དང་དྲང་ཕྱོགས་ནས་ཁྲིད་སྟོན་བྱ་རྒྱུ་གཙོ་བོར་འཛིན་དགོས་ཤིང་། སྲིད་ཇུས་དང་ཁྲིམས་སྲོལ་ལ་སྣང་ཆེན་བྱེད་དགོས་ལ་སློབ་གསོ་གཏོང་སྟངས་ལའང་སྣང་ཆེན་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་ལ་དོན་དངོས་སློབ་གསོ་ལའང་སྣང་ཆེན་བྱེད་དགོས། དེ་འདྲ་བྱུང་ན་ཕན་འབྲས་བཟང་པོ་ཞིག་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།