དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྒར་རྫོང་གིས“ཉམས་མྱོང་བཞིའི”སྒོ་ནས་ཏང་ཡོན་འཕེལ་རྒྱས་བཏང་བར་ཕན་འབྲས་ཆེན་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒར་རྫོང་གིས་ཏང་ཡོན་འཕེལ་རྒྱས་གཏོང་རིང་མཐོ་ནན་རྒྱ་ཆེ་བ་ནུས་ལྡན་གྱི “ཉམས་མྱོང་བཞིའི ”སྒོ་ནས་མང་ཚོགས་བྱིངས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་པར་ཏང་ཡོན་གྱི་སྤུས་འབོར་གཉིས་ཀ་ཡར་རྒྱས་མངོན་གསལ་བྱུང་ཡོད་པ་རེད།

        དམིགས་ཚད་མཐོ་པོ་ཡོང་བར་ཤུགས་བརྒྱབ་པ། མང་ཚོགས་ཁྲོད་བསམ་བློའི་བྱང་ཚད་མཐོ་ཞིང་རིག་གནས་ལེགས་པ་དང་དབང་གྲགས་ཆེ་བའི་ན་གཞོན་ཕུལ་བྱུང་ཏང་ཞུགས་ཧུར་བརྩོན་ཅན་ལ་གསོ་སྐྱོང་ཧུར་ཐག་བྱས་ནས་གྲོང་ཚོ་རེར་ལོ་རེར་ཉུང་མཐར་ཏང་ཡོན་རེ་འཕེལ་རྒྱས་དང་ཏང་ཞུགས་ཧུར་བརྩོན་ཅན་གཉིས་ནས་གསུམ་བར་གསོ་སྐྱོང་བྱས་ནས། ལོ་5ཡི་རིང་རྫོང་ཡོངས་སུ་ཏང་ཡོན་200ལྷག་ཙམ་དང་ཧུར་བརྩོན་ཅན་500ལྷག་ཙམ་ཡོད་པ་དེ་དག་ལོ་རེར་ཏང་ཡོན་40ཡན་འཕེལ་རྒྱས་བཏང་བའི་ནང་ཏང་ཡོན་ཞིང་འབྲོག་པས་50%ཡན་བཟུང་ཡོད་པ་རེད།

        ནན་པོ་ཡོང་བར་ཤུགས་བརྒྱབ་པ། ཏང་ཞུགས་ཧུར་བརྩོན་ཅན་འཕེལ་རྒྱས་གཏོང་བའི་ནང་དུས་བཀག་ལྟར་སློབ་ཚན་ལ་མི་ཡོང་མཁན་མཐའ་གཅིག་ཏུ་གཏན་འགོག་བྱས་པ་མ་ཟད། གསོ་སྐྱོང་བྱ་ཡུལ་ཞིབ་བཤེར་ནང་མི་སྒེར་ལ་སྐད་ཆ་འདྲི་བ་དང་། དེའི་ཡིག་ཚགས་ལ་ལྟ་བ། ཚན་པའི་འབྲེལ་ཡོད་མིར་ཤེས་རྟོགས་བྱེད་པ་སོགས་ཞིབ་བཤེར་གོ་རིམ་ནན་པོ་བརྒྱུད་ཁར། ཏང་ཕྱི་ནང་གི་མང་ཚོགས་ཀྱི་ས་ནས་བསམ་འཆར་ཡང་ཉན་གྱི་ཡོད་པ་རེད།

        ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་པ། ཕུལ་བྱུང་ན་གཞོན་ཕོ་མོ་དང་། ཞིང་འབྲོག་པ་ཕུལ་བྱུང་། ཕྱུག་འགྱུར་འཇོན་ཐང་ཅན་སོགས་གང་མང་མང་བསྡུས་པའི་ཁར། སློབ་གསོ་གསོ་སྦྱོང་བརྒྱུད་ཀྲི་པུའུ་ཨུ་ལྷན་ནས་འཕེལ་རྒྱས་གཏང་བྱར་མོས་མཐུན་བྱུང་ཚེ་གཞི་ནས་འཕེལ་རྒྱས་གཏོང་གི་ཡོད་པ་རེད།

        ནུས་ལྡན་ཡོང་བར་ཤུགས་བརྒྱབ་པ། ཤེས་ཚད་མཐོ་ལ་དམིགས་བསལ་ནུས་པ་ལྡན་ཞིང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཕྱུག་པོ་ཆགས་རྒྱུར་བརྩོན་སེམས་ཆེ་བའི་ན་གཞོན་ཕུལ་བྱུང་རྗེས་གྲབས་ཀྱི་སྟོབས་ཤུགས་ལ་གཙོ་གནད་དུ་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱིས་བྱེད་མི་ཕོད་ཅིང་མི་འཇོན་པའི་ཕྱུག་འགྱུར་རྣམ་གྲངས་འཕེལ་རྒྱས་གཏོང་བའི་བརྩོན་ལེན་དཔེ་གཞིར་བཟུང་ནས། ཞིང་འབྲོག་པ་རྣམས་ལ་མིག་དཔེ་སྟོན་པ་དང་མང་ཚོགས་ཕྱུག་འགྱུར་སྣེ་ཁྲིད་པར་འགྱུར་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།