འདི་ལོ་ནས་བཟུང་སྟོད་ལུང་བདེ་ཆེན་རྫོང་གིས “321”སེམས་ནུས་གཅིག་སྒྲིལ་གྱི་ཏང་འཛུགས་སྐྱོང་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་དང་རྣམ་གྲངས་ཀྱིས་སྐུལ་ཁྲིད་དང་ཏང་ཡོན་གྱིས་ལག་བསྟར་བྱེད་པའི་ཐབས་ཤེས་སྤྱད་དེ་སྤྱི་ཡོངས་ལ་སྐུལ་འདེད་བཏང་བས་གཞི་རིམ་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་སྦྲགས། ཞིང་འབྲོག་མང་ཚོགས་ཏང་ཡོན་གྱི་ཕྱུག་འགྱུར་དང་ཕྱུག་འགྱུར་ལ་རོགས་རམ་བྱེད་པའི་ཧུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཁར་གཞི་རིམ་འཐབ་ས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད་པ་རེད།