དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་སས་སྤྱི་མིན་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཡོན་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པ་དང་འཁོར་སྐྱོད་རང་བཞིན་ཆེ་བའི་ཁྱད་ཆོས་ལ་གཞིགས་ནས་ཏང་རྩ་འཛུགས་འཛུགས་པའི་རྣམ་པ་གསར་གཏོད་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ལས་ཀའི་གསོན་ཤུགས་འཕེལ་བར་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་གྱིས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བརྒྱུད་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

        ཏང་རྩ་འཛུགས་འཛུགས་པའི་རྣམ་པ་གསར་གཏོད་བྱས་པ། ད་ཡོད་ཀྱི་ཏང་ཡོན་ངོ་མ་3ཡན་དང་རྨང་གཞི་ལེགས་ཙམ་དང་ཆ་རྐྱེན་དང་མཐུན་པའི་སྤྱི་དབང་མིན་པའི་ཁེ་ལས་ལ་ཁེར་རྐྱང་ཐོག་ཏང་རྩ་འཛུགས་བཙུགས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱིས་ཏང་རྩ་འཛུགས་95ཁེར་རྐྱང་ཐོག་བཙུགས་པའི་ཁྲོད་གཞི་རིམ་ཏང་ཨུད་1དང་། ཏང་སྤྱི་ཁྱབ་ཀྲི་པུའུ་2 ཏང་ཀྲི་པུའུ་92བཅས་ཡོད། ད་ཡོད་ཀྱི་ཏང་ཡོན་མི་གྲངས་3མ་ཟིན་པའི་སྤྱི་དབང་མིན་པའི་ཁེ་ལས་ལ་ས་གནས་དེ་ག་དང་ཐག་ཉེ་སར་དོ་དམ་དང་ལས་ཀ་བྱེད་བདེ་བའི་རྩ་དོན་གཞིར་བཟུང་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་སྤྱི་དབང་མིན་པའི་ཁེ་ལས་ཀྱི་མཉམ་འབྲེལ་ཏང་ཀྲི་པུའུ་10ཡོད་པ་དང་“ཁེ་ལས་དང་ཉེ་འཁོར་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་”ཟུང་དུ་འབྲེལ་བ་དང་གཅིག་གྱུར་མ་དངུལ་གཏོང་མཁན་ཁོངས་གཏོགས་ཁེ་ལས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཏང་རྩ་འཛུགས་བཙུགས་ཡོད། ཏང་ཡོན་མི་གྲངས་ཉུང་བ་དང་གཞི་ཁྱོན་ཆུང་བའི་སྤྱི་དབང་མིན་པའི་ཁེ་ལས་ལ་ཁེ་ལས་གནས་ཡུལ་གྱི་གཞི་རིམ་ཏང་རྩ་འཛུགས་སམ་ཡང་ན་གཙོ་གཉེར་ལས་སྒོ་ཚན་པའི་ཏང་རྩ་འཛུགས་ལ་བརྟེན་སྦྱར་རྣམ་པའི་ཐོག་ནས་ཏང་རྩ་འཛུགས་བཙུགས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་བརྟེན་སྦྱར་རྣམ་པའི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཀྲི་པུའུ་13བཙུགས་ཡོད། ཁེར་རྐྱང་ཐོག་འཛུགས་པ་དང་། མཉམ་འབྲེལ་ཐོག་འཛུགས་པ། བརྟེན་སྦྱར་ཐོག་འཛུགས་པ་བཅས་ཀྱི་རྣམ་པ་བརྒྱུད་གྲོང་ཁྱེར་ཡོངས་སུ་ཏང་རྩ་འཛུགས་བཙུགས་ཟིན་པའི་སྤྱི་དབང་མིན་པའི་ཁེ་ལས་118ཡོད་པ་དེ་ན་ནིང་ལས་ཁེ་ལས་12མང་དུ་ཕྱིན་པ་དང་གཞི་ཁྱོན་ཅན་ཡན་གྱི་ཁེ་ལས་ཏང་རྩ་འཛུགས་ཚང་མར་འཛུགས་ཐུབ་པ་བྱུང་ཡོད།

        ཏང་འཛུགས་སྐྱོང་ལས་དོན་གྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། ནང་འདེམས་དང་ཡོངས་བསྒྲགས་འདེམས་གཏོང་བྱེད་སྟངས་སྤྱད་དེ་ཏང་རྩ་འཛུགས་ཀྱི་སྣེ་འཁྲིད་པ་བདམས་ནས་མངགས་ཡོད། ཆབ་སྲིད་བྱང་ཚད་ལེགས་པ་དང་། སྒྲིག་འཛུགས་བྱེད་མཁས་པ། གཉེར་སྐྱོང་དོ་དམ་ཤེས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་ཡོན་སྒྲིག་འཛུགས་ཀྱིས་འོས་སྦྱོར་བྱེད་པ་དང་ཏང་ནང་ངོས་ཀྱི་དམངས་གཙོ་འོས་འདེམས་བྱེད་སྟངས་བརྒྱུད་ཏང་ཀྲི་པུའུ་ཧྲུའུ་ཅིར་འདེམས་པ་དང་། འདེམས་མི་མེད་པའི་སྤྱི་དབང་མིན་པའི་ཁེ་ལས་ལ་སྒྲིག་འཛུགས་ཀྱིས་འོས་སྦྱོར་བྱེད་པ་དང་ཡོངས་བསྒྲགས་ངང་འདེམས་སྒྲུག་བྱེད་པ་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ཐོག་ནས་འདེམས་གཏོང་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ཁེ་ལས་118ཀྱི་ཏང་ཀྲི་པུའུ་ཚང་མར་ཏང་ཀྲི་པུའུ་ཧྲུའུ་ཅི་བཀོད་སྒྲིག་བྱས་ཟིན་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་རྫོང (ཆུས )ཁག་གིས་འདེམས་གཏོང་བྱས་པའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་འཁྱུར་ཏང་ཡོན་ལས་བྱེད་པ་ཁྱོན་161གིས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་འཁྲིད་པའི་འགན་ཁུར་ནས “གཅིག་གིས་གཅིག་ལ་རོགས་རམ་བྱེད་པ ”དང “གཅིག་གིས་མང་པོར་རོགས་རམ་བྱེད་པའི ”བྱེད་ཐབས་ཐོག་ནས་སྤྱི་དབང་མིན་པའི་ཁེ་ལས་ལ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་སྤྱི་དབང་མིན་པའི་ཁེ་ལས་ཁྲིམས་ལྟར་གཉེར་སྐྱོང་བྱ་རྒྱུར་ལྟ་སྐུལ་བྱས་ནས་སྤྱི་དབང་མིན་པའི་ཁེ་ལས་དང་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ཁེ་ལས་ལ་ཁྱོན་ཏང་ཡོན་1122ཡོད་པ་དང་འདི་ལོ་ཏང་ཡོན་102དང་ཏང་ཞུགས་ཧུར་བརྩོན་ཅན་140འཕེལ་རྒྱས་བཏང་ཡོད་པ་རེད།

        ཏང་འཛུགས་སྐྱོང་གིས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་བ། ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱས་ནས་ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཏང་འཛུགས་སྐྱོང་ལས་དོན་གྱིས་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། སྤྱི་དབང་མིན་པའི་ཁེ་ལས་སུ “གུང་ཁྲན་ཏང་ཡོན་གྱི་གདོང་ལེན་ལས་གནས ”དང་། “ཏང་ཡོན་གྱི་དཔེ་སྟོན་སྐར་ཁུར ”དེ་བཞིན “ཏང་ཡོན་གྱི་འགན་འཁྲི་འཁུར་ཡུལ ”སོགས་ཀྱི་བྱེད་སྒོ་བརྒྱུད་ཏང་ཡོན་གྱི་གཟི་བརྗིད་བསམ་པ་དང་འགན་འཁྲི་འཁུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་འཁྲིད་པ་དང་མང་ཚོགས་ཀྱིས་ཏང་ཡོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཨུད་ཀྱིས་སྔ་རྗེས་སུ་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་སྐུལ་སྤེལ་ཚོགས་འདུ་དང་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སོགས་ཚོགས་འདུ་ཐེངས་4འཚོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།