འདི་ལོ་ཤར་ཚུན་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ཨུད་རྩ་འཛུགས་པུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ “ལམ་ལུགས་གསུམ་མཐའ་འཁྱོངས་བྱེད་པ ”དང་། “ནུས་པ་གསུམ་ཆེ་རུ་གཏོང་བ ”“ཕན་འབྲས་གསུམ་ལ་སྐུལ་མ་གཏོང་བའི ”སྒོ་ནས་རྩ་འཛུགས་ལས་ཀའི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
ལས་ཀའི་སྙན་སེང་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། ལས་སྒོའི་ནུས་པ་ཆེ་རུ་གཏོང་བ། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་པ། གཟའ་འཁོར་རེའི་གཟའ་པ་སངས་ལ་ལས་ཀའི་སྐོར་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་ཏེ་རྩ་འཛུགས་པུའི་ཁོངས་མིར་སྡེ་ཚན་དེའི་གཟའ་འཁོར་རེའི་ལས་ཀའི་འཕེལ་རིམ་སྙན་སེང་དང་གཟའ་འཁོར་རྗེས་མའི་ལས་ཀར་བཀོད་སྒྲིག་བྱེད་པ་དང་འབྲེལ་ལས་ཀ་སྤེལ་རིང་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཇུས་གཞི་དང་བསམ་འཆར་དང་། གོམ་སྟབས་རྗེས་མའི་འཆར་གཞི་བཏོན་པ་མ་ཟད། ཞིབ་ཕྲའི་གནས་ཚུལ་དང་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་ཡག་པོ་དང་གཟའ་འཁོར་རེའི་ལས་ཀ་ཇི་ལྟར་སྤེལ་ཚུལ་ཞིབ་འཇུག་ཀྱང་བྱེད་ཀྱི་ཡོད། དེས་མ་ཚད་ཚན་པའི་འགོ་ཁྲིད་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་མཛུབ་ཁྲིད་དང་། གྲུབ་འབྲས་ལ་ཁས་ལེན། མི་འདང་བའི་ཆ་འདོན་པ། ལས་ཀའི་བླང་བྱ་ནན་བཤད་བྱེད་ཀྱི་ཡོད།
རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་། ཏང་གཤིས་སྐྱེད་སྲིང་། སློབ་སྦྱོང་གི་ཕན་འབྲས་ལ་སྐུལ་མ་གཏོང་བ་བཅས་བྱས་པ། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ལས་ཀའི་ལས་བྱེད་པའི་སློབ་སྦྱོང་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། སློབ་ལ་བརྩོན་པ་དང་རིག་པ་ནངས་པར་འཆི་ཡང་སློབ་པའི་འདུ་ཤེས་འཛུགས་པའི་སྒོ་ནས་སློབ་སྦྱོང་དང་ལས་ཀ་ཟུང་དུ་སྦྲེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་རྩ་འཛུགས་ལས་ཀའི་ལས་དོན་པའི་ཕྱོགས་བསྡུས་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་གི་ཡོད་པ་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རིང་ཏང་གི་གཞི་རྩའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་ཡོད་ཡིག་རིགས་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་མ་ཟད། རིམ་ཁག་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྩ་འཛུགས་གཞན་གྱི་དཔེ་མཚོན་བྱ་ཐབས་ལ་སློབ་སྦྱོང་གཏིང་ཟབ་བྱེད་ཀྱི་ཡོད་པ་རེད།
ལས་གནས་ཐོག་སྦྱོང་བརྡར་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་། གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ལས་ཀར་ཕན་འབྲས་ཐོན་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་པ། ལས་གནས་ཐོག་སྦྱོང་བརྡར་བྱ་རྒྱུ་མཐའ་འཁྱོངས་དང་། རྩ་འཛུགས་ལས་ཀའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། སློབ་སྦྱོང་བྱེད་པའི་ལམ་ལུགས་ཁྱབ་གདལ་གཏོང་བ་བཅས་བྱས་པའི་ཁར་ཚན་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་གཅིག་སྡུད་ཐོག་གྲོས་བསྡུར་བྱས་ནས་གཟའ་འཁོར་རེར “སློབ་སྦྱོང་གླེང་སྟེགས ”ཐེངས་གཅིག་འཚོགས་ཏེ་ཏང་འཛུགས་སྐྱོང་དང་། སྒྲིག་ཁོངས། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་དེ་བཞིན་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ལས་ཀ་དང་། ལས་བྱེད་པ་འཇོན་ཐང་ཅན་གྱི་ལས་ཀ ལས་བྱེད་པའི་སློབ་གསོའི་ལས་ཀ་བཅས་ལ་གཅིག་སྡུད་ཐོག་ཞིབ་བསྡུར་བྱས་ཏེ་རྩ་འཛུགས་ལས་ཀའི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་། ཏང་ཡོན་ལས་བྱེད་པ་དང་ངོ་ཐུག་གདོང་འཕྲད་ངང་སྐད་ཆ་ཤོད་རེས་དང་སྙིང་གཏམ་ཤོད་རེས་བྱས་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ཐད་ལྷག་པའི་གནད་དོན་དང་དཀའ་ངལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ་ཁོང་ཚོར་རོགས་རམ་དང་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད།