དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བཤད་པའི་སྐད་ཆ་ལག་བསྟར་དང་ལག་བསྟར་བྱས་པར་འབྲས་བུ་ཐོན་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་སྲིད་ཇུས་རྣམ་གྲངས་12ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་ནས་ཚད་གཞི་མཐོ་རུ་བཏང་བའི་མ་དངུལ་ཁག་དང་པོ་སྤྲད་པའི་བར་ཉིན་3ལས་འགོར་མེད། དུས་ཐུང་ཉིན་3ནང་ཡིག་ཆའི་ནང་གི་གྲངས་གཞི་དེ་དག་མང་ཚོགས་ཚོའི་ལག་ཐོག་གི་དངུལ་སྨར་ལ་གྱུར་བ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཆེས་རྩ་བར་འཛིན་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཞིག་མངོན་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས “བཤད་པའི་སྐད་ཆ་ལག་བསྟར་བྱེད་དགོས་པ་དང་ལག་བསྟར་བྱས་པར་འབྲས་བུ་ཐོན་པ་བྱེད་དགོས་པའི ”བྱ་སྤྱོད་ངོ་མའི་ཐོག་ནས་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་སྐུལ་སློང་གི་བཀའ་གསལ་པོ་ཞིག་སླར་ཡང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།