དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྟེགས་བུ་གསར་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ཤར་ཚུན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་སྟེ། ཧྲུའུ་ཅིར་དམ་འཛིན་བྱེད་པ་དང་། ཁྱབ་རྒྱུར་དམ་འཛིན་བྱེད་པ། གསོ་སྦྱོང་ལ་དམ་འཛིན་བྱེད་པ། ཁྱད་ལྡན་ལ་དམ་འཛིན་བྱེད་པ། གཏོང་ཆར་དམ་འཛིན་བྱེད་པ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྒྱུན་ཆད་རྒྱུ་མེད་པའི་གསར་གཏོད་རང་བཞིན་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལས་དོན་ཐད་ཪྙིང་ཚབ་གསར་བརྗེས་དང་ཁྱད་ཆོས་ཐོན་པ་བྱས་ནས་ཏང་འཛུགས་སྐྱོང་འདུ་འགོད་ཀྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད། ཧྲུའུ་ཅིར་དམ་འཛིན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཐད “ཧྲུའུ་ཅིར་དམ་འཛིན་དང་ཧྲུའུ་ཅིས་དམ་འཛིན་བྱེད་རྒྱུ ”མཐའ་འཁྱོངས་ཀྱིས་གྲོང་ཨུད་ཧྲུའུ་ཅིས་རྫོང་ཨུད་ཧྲུའུ་ཅིར་དམ་འཛིན་བྱེད་པ་དང་། རྫོང་ཨུད་ཧྲུའུ་ཅིས་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅིར་དམ་འཛིན་བྱེད་པ། ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅིས་གྲོང་ཚོ (ཡུལ་མི )ཀྲི་པུའུ་ཧྲུའུ་ཅིར་དམ་འཛིན་བཅས་བྱས་ནས་རིམ་པ་སྟར་ཆགས་ཀྱིས་དམ་འཛིན་བྱེད་པ་དང་རིམ་པ་སྟར་ཆགས་ཀྱིས་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཐོན་པ་བྱས་ཏེ “སྣེ་འཁྲིད་མཁན ”དཔུང་ཁག་ལ་དངོས་འབྲེལ་དམ་འཛིན་ཡག་པོ་བྱས་པ་རེད།

        ཁྱབ་རྒྱུར་དམ་འཛིན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་དབར་དང་། གྲོང་ཚོའི་དབར། གྲོང་ཚོ་དང་ཁེ་ལས་དབར་བཅས་མཉམ་དུ་འཛུགས་སྐྱོང་བྱེད་པ་དང་། ཞིང་འབྲོག་པ་ཏང་ཡོན་མགྱོགས་མྱུར་གསོ་སྦྱོང་དང་འཕེལ་རྒྱས་བཏང་བ་དང་ལྷག་དོན་དུ་ད་ཡོད་ཀྱི་ཏང་ཡོན་གྲངས་འབོར་ཅུང་ཉུང་བའི་གྲོང་མིའི་ཚོགས་ཆུང་དང་གྲོང་མི་གནས་སྡོད་ཁུལ་དུ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས “2013ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཏང་ཡོན་གྱི་གྲངས་འབོར་དེ་ཞིང་འབྲོག་པའི་བསྡོམས་འབོར་གྱི་6%ཡན་ཟིན་པ་བྱ་རྒྱུ ”དང “དུད་ཚང་3ཡན་གྱི་ཡུལ་མི་སྡོད་ཁུལ་དུ་ཉུང་མཐར་ཡང་ཏང་ཡོན་གཅིག་ཡོད་པ་བྱེད་པའི ”འགན་ལེན་བྱས་པ་རེད།

        གསོ་སྦྱོང་ལ་དམ་འཛིན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་རིམ་ཁག་ཏང་གི་སློབ་གྲྭ་དང་། མཐོ་རིམ་སློབ་གྲྭ རྒྱང་ཁྲིད་སློབ་གསོ། ཁ་གཏད་རོགས་སྐྱོར་སོགས་ཀྱི་སྟེགས་བུར་བརྟེན་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བྱང་ཚད་མཐོ་རུ་ཤུགས་ཆེན་བཏང་བ་དང་། ཞིང་འབྲོག་ཏང་ཡོན་ལ “གསོ་སྐྱོང་གཉིས་ཀྱི་འཆར་གཞི ”དང “གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཉིས་ཀྱི་འདུ་འགོད ”སོགས་གཙོ་གནད་གསོ་སྦྱོང་གི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་པ། “ཞིང་འབྲོག་ཏང་ཡོན་གྱི་རྩལ་ནུས་གསར་པའི་བྱ་གཞག་གསར་གཏོད་ཀྱི་འདུ་འགོད ”ལག་བསྟར་ཤུགས་ཆེན་བྱས་པ། རྒྱ་ཆེའི་ཞིང་འབྲོག་པ་དང་ལྷག་དོན་དུ་ན་གཞོན་ཞིང་འབྲོག་པར་ལས་རིགས་ལ་བརྟེན་ནས་མི་སྣ་གསོ་སྦྱོང་བྱེད་པ་དང་། ལས་རིགས་ལ་བརྟེན་ནས་མི་སྣའི་ཡིད་རྣལ་དུ་བབས་པ་བྱེད་པ། ལས་རིགས་ལ་བརྟེན་ནས་མི་སྣ་དོ་དམ་བྱེད་པ། ལས་རིགས་ལ་བརྟེན་ནས་མི་སྣ་ཕྱུག་པོ་ཆགས་པ་བྱེད་པ་བཅས་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དང་ཕྱུག་འགྱུར་སྣེ་ཁྲིད་པའི་རོགས་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གསོ་སྦྱོང་ཐོན་ཁུངས་དེ་གཞི་རིམ་དུ་ཕྱོགས་པ་དང་ཞིང་འབྲོག་པར་ཁྱབ་པ་བྱས་པ་རེད།

        ཁྱད་ལྡན་ལ་དམ་འཛིན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྟེགས་བུ་ཡག་པོ་ཞིག་བཏོད་པ་དང་གཞི་རྟེན་ལེགས་པོ་ཞིག་བདམས་ནས་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་སྟེ “གནད་དོན་གཅིག་ལ་ཐག་གཅོད་བྱེད་ཐབས་གཅིག ”ཐུབ་པ་བྱ་རྒྱུར་དམིགས་ནས་ཁྱབ་ཁོངས་ཁག་གི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་གི་རྩ་འཛུགས་དང་ལས་དོན་ཕྱོགས་ཡོངས་ནས་ཁྱབ་རྒྱུ་མངོན་འགྱུར་ཡོང་བ་བྱས་པ་དང་། དེ་དང་ཆབས་ཅིག་བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཞིག་ཏུ་གཏོད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་དང་ལྷ་ས་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཞིག་ཏུ་གཏོད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱར་དམིགས་ནས “མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་པའི ”བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་སྦྲགས་ཟླ་9ཚེས་17ཉིན་དེ་ལྷ་སའི་མི་རིགས་མཐུན་སྒྲིལ་ཉིན་མོར་གཏན་འཁེལ་བྱས་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུར་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུའི་ཐད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་པ་རེད།

        གཏོང་ཆར་དམ་འཛིན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་བྱེད་སྒོའི་འགྲོ་གྲོན་དེ་རིམ་ཁག་ནོར་སྲིད་ཀྱི་སྔོན་རྩིས་སམ་ཡང་ན་ཚན་པའི་ནོར་དོན་འཆར་གཞིའི་ནང་བཅུག་ནས་བརྟན་ལ་ཚད་ལྡན་གྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་འགྲོ་གྲོན་འགན་སྲུང་ལམ་སྲོལ་བསྐྲུན་པ་དང་འཐུས་ཚང་དུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ཏང་ཡོན་མི་རེར་ལོ་ལྟར་སྒོར་100ཡི་ཚད་གཞི་ལྟར་དུས་ཐོག་ཏུ་གྲོང་ཚོའི་ཏང་རྩ་འཛུགས་ལ་ཏང་ཡོན་གསོ་སྦྱོང་འགྲོ་གྲོན་སྤྲད་ཁར་གྲོང་ཚོ (ཡུལ་མི )རྩ་འཛུགས་ཀྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེན་གཏོང་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་གྲོང་ཚོའི (ཡུལ་མི )མཉམ་སྡེབ་དཔལ་འབྱོར་ཚང་མའི་ལོའི་ཡོང་འབབ་སྒོར་ཁྲི་2ཡན་ཟིན་རྒྱུར་བརྩོན་ལེན་བྱས་ཏེ་ཏང་རྩ་འཛུགས་བྱེད་སྒོའི་འགྲོ་གྲོན་ཡོང་ཁུངས་རྒྱ་ཆེར་བཏང་བ། 2015ལོར་སླེབས་སྐབས་གྲོང་ཁྱེར་་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་གྱི་མཁྲེགས་ཆས་སྒྲིག་ཆས་གཞི་རྩའི་ཆ་ནས “ལྔ་ཡོད ”ཀྱི་ཚད་གཞི་ཟིན་པ་བྱ་རྒྱུ་སྟེ། རྒྱ་ཁྱོན་སྨི་ངོས་གྲུ་མ་400ལས་མི་ཉུང་བའི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་རེ་ཡོད་པ་བྱ་རྒྱུ་དེར་ཚད་ལྡན་གྱི “ཁང་བཞི་དང་། འགྲེམས་པང་གཅིག བྱེད་སྒོ་སྤེལ་ཡུལ་གཅིག ”(གཞུང་དོན་ཁང་དང་། ཏང་ཡོན་བྱེད་སྒོ་ཁང་། གློག་སྤྱད་སློབ་ཁྲིད་ཁང་། སྨན་དོན་ཁང་། ཏང་དོན་དང་གྲོང་དོན་ཡོངས་བསྒྲགས་འགྲེམས་པང་། རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་ཡུལ )སོགས་དང་། གཞུང་སྤྱོད་རླངས་འཁོར་གཅིག་དང་། ཞིང་ཁྱིམ་སྒོ་རྩིས་ཚོང་ཁང་ཆུང་ཆུང་གཅིག མངོན་གསལ་དོད་པའི་མཚོན་རྟགས་བྱང་བུ་གཅིག་བཅས་ཡོད་པ་བྱ་རྒྱུ། “ལོར་མི་རེར་ཆ་སྙོམས་སྒོར་500ལས་མི་ཉུང་བའི ”ཚད་གཞི་ལྟར་གྲོང་ཚོ (ཡུལ་མི )“ཨུ་ལྷན་གཉིས ”ཀྱི་ཚན་ཁག་ཁོངས་མིར་ལས་ཐེབས་ཆག་པའི་ལེ་ལག་ཚང་བའི་ཁ་གསབ་སྤྲད་པ་དང་ཆབས་ཅིག་གྲོང་ཚོའི (ཡུལ་མི )ལས་བྱེད་པར་ལོ་གཉིས་རེར་གཟུགས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་པ། ཏང་ནང་ཁུལ་གྱི་ལྕག་སྐུལ་དང་། ཐུགས་ཁུར། རོགས་སྐྱོར། འཚམས་འདྲི་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་བཀག་ནང་ཏང་ཡོན་རྒན་གྲས་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱས་ནས་དུས་ཐོག་ཏུ “རྒན་གྲས་གསུམ ”མི་སྣའི་འཚོ་བའི་ཁ་གསབ་དངུལ་གྲངས་ཚང་ངང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།