ཉེ་བའི་ལོ་ཤས་རིང་ཆབ་མདོ་རྫོང་འགུ་རོ་གྲོང་རྡལ་གྱིས “ཚད་གཞི་མཐའ་འཁྱོངས་དང་། སྤུས་ཚད་འགན་ལེན། སྒྲིག་གཞི་ལེགས་སྒྲིག གཟབ་ནན་ངང་འཕེལ་རྒྱས་གཏོང་བ ”བཅས་ཀྱི་བྱེད་ཕྱོགས་ལ་གཞིགས་ཏེ་ལོ་གསུམ་ནང་ཁྱོན་ཏང་ཡོན་119འཕེལ་རྒྱས་བཏང་བའི་ནང་ཞིང་འབྲོག་པ་ཏང་ཡོན་76ཡོད་པའི་ཁྲོད་བུད་མེད་ཏང་ཡོན་31ཡོད་ཅིང་། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་རྒྱུན་ལྡན་ཅན་དུ་གྱུར་ཡོད་པ་རེད།
ཆབ་སྲིད་ཀྱི་སྣེ་ཁྲིད་བྱས་ནས་ཏང་ཡོན་དཔུང་ཁག་དྭངས་གཙང་ཡོང་རྒྱུར་འགན་ལེན་བྱས་ཤིང་། འགུ་རོ་གྲོང་རྡལ་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་སོགས་གནད་དོན་གལ་ཆེན་ཐོག་གི་གཏམ་སྤྱོད་ཏང་ནང་ཞུགས་པའི་བརྟག་ཞིབ་ཀྱི་གཙོ་གནད་དུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་དཔྱད་ཡིག་དང་། ཞིབ་བཤེར། གསོ་སྦྱོང་། གྲོས་བསྡུར། གླེང་མོལ། སྤྱི་བསྒྲགས། ཞིབ་མཆན། དངོས་བསྒྱུར་བཅས་ལྷུ་ཚིགས་བརྒྱད་དམ་འཛིན་ནན་པོ་བྱས་ཏེ “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ ”བཅས་ནང་དོན་གཙོ་བོར་བྱེད་པའི་གཉིས་བགྲང་གཉིས་དཔྱད་ཀྱི་བྱེད་སྒོ་སྤེལ་བ་དང་། འཕེལ་རྒྱས་གཏོང་བརྩིས་ཡོད་པའི་ཁ་གཏད་ལ་་དུས་ཐོག་ཏུ་སྤྱི་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁབ་ངང་དང་ལེན་བྱས་པ་རེད། ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་དེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམིགས་ཚད་དོ་དམ་དང་དཔྱད་ཞིབ་ནང་དོན་དུ་བཅུག་ནས་གྲོང་རྡལ་ཏང་ཨུད་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཡུག་གཅིག་འགན་གཙང་ལེན་པ་དང་། ཏང་ཡོན་ལས་བྱེད་པ་དཀྱུས་མས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ཏང་ཀྲི་པུའི་ཨུ་ཡོན་གྱིས་ཁྱིམ་དུད་འགན་གཙང་ལེན་ནས་ཏང་ཡོན་ལ་འབྲེལ་བ་བྱེད་པ་དང་། ཏང་ཡོན་གྱིས་ཏང་ཞུགས་ཧུར་བརྩོན་ཅན་དང་འབྲེལ་བ་བྱེད་པའི་ལས་ཀའི་ལམ་ལུགས་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀའི་འགན་འཁྲི་མིའི་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
གསོ་སྦྱོང་བྱ་ཡུལ་ལ་སྣང་ཆེན་བྱས་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཕྱུག་འགྱུར་འཇོན་ཐང་ཅན་དང་། ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི། ཕ་ཡུལ་དུ་ཕྱིར་ལོག་མཁན་གྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ། ཕྱིར་ཐོན་ལས་མི་དང་ཚོང་པ། ཞིང་འབྲོག་པའི་གཞོན་ནུ་དང་བུད་མེད་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་བཏང་སྟེ་གྲངས་འབོར་འདང་ངེས་དང་། བྱང་ཚད་མཐོ་བ། གྲུབ་ཆ་ལུགས་མཐུན་བཅས་ཀྱི་ཏང་ཡོན་ཧུར་བརྩོན་ཅན་གྱི་རྗེས་གྲབས་མི་སྣའི་མཛོད་ཁང་ཞིག་བཙུགས་ཡོད། གུང་གཞོན་སྡེ་ཚོགས་དང་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཕུལ་བྱུང་འོས་སྦྱོར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕུལ་བྱུང་གི་སྡེ་ཚོགས་ཁོངས་མི་དང་བུད་མེད་འོས་སྦྱོར་ཧུར་ཐག་བྱ་རྒྱུ་དེ་འཕེལ་རྒྱས་དང་གསོ་སྦྱོང་བྱ་ཡུལ་གཙོ་བོར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ལ “ཁྲག་རྒྱུན་སོས་པ ”ཆད་མེད་བསྣན་ཡོད་པ་རེད།
སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ལ་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱས་ཤིང་། ཆེད་དོན་འཆད་ཁྲིད་བྱེད་པ་དང་། གཅིག་སྡུད་སློབ་སྦྱོང་དང་གོ་བསྡུར་བྱེད་པ། གྲོང་ཚོ་དང་ཁྱིམ་དུད་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པ། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱས་ཏེ་འཚོ་བ་གསར་པ་དང་འཕེལ་རྒྱས་གསར་པ་ལས་བྱུང་བའི་འགྱུར་ལྡོག་གསར་པ་རང་ཉིད་ངོ་མས་ཚོར་ཐུབ་པ་བྱས་ཡོད། “ཀྲི་པུའུ་དང་མཐུན་ཚོགས་མཉམ་ལས་བྱེད་པའི ”རྣམ་པ་སྤྱད་པ་དང་དམངས་དོན་ཞབས་ཞུའི་ཚོམས་ཆེན་དང་གྲོང་ཚོའི་སྲུང་སྐྱོབ་རུ་ཁག་བཙུགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཏང་ཞུགས་ཧུར་བརྩོན་ཅན་དང་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུས་ལག་ལེན་ཁྲོད་སྦྱོང་བརྡར་ཧུར་ཐག་བྱས་པས་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་སོང་ཡོད་པ་རེད། གྲོང་རྡལ་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་ཡོན་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི། ཞིང་འབྲོག་པ་ཏང་ཡོན་བཅས་དང་མང་ཚོགས་དབར་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱས་པའི་ཁྲོད་མང་ཚོགས་དང་བརྩེ་དུང་ཟབ་ཏུ་སོང་ནས་ཞིང་འབྲོག་མང་ཚོགས་ཏང་རྩ་འཛུགས་ཀྱི་ཕྱོགས་སུ་ཉེ་བཅར་ཧུར་ཐག་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད་པ་བཅས་རེད།